འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་ལས་དབྱིན་
    ཇིར་ཕན་པ་ཐོབ་ཡོད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་31ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐེ་ལེ་ཧྲ་·མེས་དབྱིན་ཇིའི་《དངུལ་རྩའི་སྐབས་དོན་ཚགས་པར་》ཐོག་མིང་འགོད་རྩོམ་ཡིག་སྤེལ་ནས་ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བཏང་བ་དང་ཆབས་ཅིག་ཀྲུང་གོའི་དཔལ་འབྱོར་མགྱོགས་མྱུར་འཕར་བ་དེས་དབྱིན་ཇིའི་ཁེ་ལས་ལ་ཕན་པ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཐེ་ལེ་ཧྲ་·མེས་རྩོམ་ཡིག་ནང་། 2018ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་དེ་སྔོན་ལས་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ་དང་། ཕན་ཚུན་བརྟེན་ཚད་སྔར་བས་མཐོ་རུ་ཕྱིན་ནས་རྒྱལ་སྤྱིའི་ཉོ་ཚོང་གི་ངོ་བོའི་ཐད་རྒྱལ་ཁབ་གཅིག་གི་སྲིད་གཞུང་དང་ཚོང་ལས་ལས་རིགས་ཀྱི་ཐག་གཅོད་ལས་འཛམ་གླིང་གི་སྣེ་མོ་གཞན་གྱི་ངལ་རྩོལ་པ་དང་ཚོང་ལས་ལ་ཤུགས་རྐྱེན་ཟབ་མོ་ཕོག་རྒྱུ་ཡིན་པ་མཚོན་ཡོད། ཀྲུང་གོའི་དཔལ་འབྱོར་གྱིས་ཐོན་རྫས་འབོར་ཆེན་ལ་ཁྲོམ་ར་གསར་པ་བཏོད་པ་དང་མ་དངུལ་གྱི་ཡོང་ཁུངས་གསར་པ་མཁོ་འདོན་བྱས་པ་དེ་དག་ཚང་མས་དབྱིན་ཇིར་ཕན་པ་ཐོབ་རྒྱུ་རེད། མདོར་ན་ཀྲུང་གོ་འཕེལ་རྒྱས་མགྱོགས་པོ་ཕྱིན་པ་ལས་དབྱིན་ཇིའི་དཔལ་འབྱོར་འཕེལ་ཤུགས་དེ་བས་ཆེ་རུ་འགྲོ་རྒྱུ་རེད་ལ་དབྱིན་ཇིའི་ངལ་རྩོལ་པའི་ལས་ཀའི་གོ་སྐབས་ཀྱང་དེ་བས་མང་བ་དང་དེ་བས་ལེགས་པར་གྱུར་རྒྱུ་རེད་ཅེས་གསུངས།
         ཐེ་ལེ་ཧྲ་·མེས་ཀྲུང་གོའི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཕོག་པར་གཞིགས་ནས་ཀྲུང་གོའི་ཕྱོགས་སྒྱུར་བྱེད་སྟངས་ཀྱིས་འཛམ་གླིང་གི་འབྱུང་འགྱུར་གཏོད་རྒྱུར་ནུས་པ་ཧ་ཅང་ཆེན་པོ་ཐོན་རྒྱུ་རེད། ཀྲུང་གོས་རྒྱལ་ནང་ཁྲོམ་ར་དང་ཁྱབ་སྤེལ་གྲ་རྒྱས་རྒྱུན་ཆད་མེད་པར་སྒོ་འབྱེད་དང་ཆབས་ཅིག་རང་མོས་ཉོ་ཚོང་བྱེད་པའི་མཚམས་སུ་དབྱིན་ཇིས་ཀྲུང་གོ་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།