འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་ནན་དུ་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད་ཚེ་གཟིགས་སྐྱོང་
    སྲིད་ཇུས་མང་པོ་ལོངས་སུ་སྤྱོད་རྒྱུ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཧུའུ་ནན་ཞིང་ཆེན་གྱིས་《མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུར་སྔར་བས་ཁྲིད་སྟོན་དང་སྐུལ་ལྕག་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཏོན་ནས་གཟིགས་སྐྱོང་སྲིད་ཇུས་ཁག་མང་པོ་བཏོན་ཏེ་མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་རང་ཉིད་ཀྱི་འཇོན་ཐང་ངོམ་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བཏང་བ་རེད།
         《བསམ་འཆར་》གཞིར་བཟུང་། ཝུའུ་ལིན་རི་བོ་དང་ལུའོ་ཞའོ་རི་བོའི་ཡུག་ཁུལ་སོགས་ཀྱི་དཀའ་ཚེགས་ཆེ་བའི་ཐག་རིང་ས་ཁུལ་གྱི་གཞི་རིམ་ལས་ཁུངས་ཀྱིས་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་སྐབས་སློབ་རྒྱུས་དང་ཆེད་ལས་སོགས་ཀྱི་ཆ་རྐྱེན་འོས་འཚམ་ངང་དམའ་རུ་གཏོང་རྒྱུ་དང་ཡིག་རྒྱུགས་གཏོང་བའི་བསྡུར་གྲངས་ཉུང་དུ་གཏོང་རྒྱུ་མ་ཟད། ལས་གནས་ངེས་ཅན་ཞིག་མཁོ་འདོན་བྱས་ཏེ་གྲོང་ཁྱེར་དེ་ག་དང་རྫོང་གི་ཐེམ་ཐོ་ཡོད་པའམ་ཡང་ན་ས་ཁུལ་དེར་ཡུན་རིང་འཚོ་བ་སྐྱེལ་བའི་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་རྒྱུའང་རེད། དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་བྱ་གཞག་ཚན་པས་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་ཐོན་སློབ་མ་བསྡུ་རྒྱུ་དང་རྫོང་རིམ་པའི་བྱ་གཞག་ཚན་པས་རབ་འབྱམས་པ་ཡན་གྱི་སློབ་ཐོན་སློབ་མ་བསྡུ་རྒྱུ་ཡིན་པ་དང་། ངོ་འཕྲད་རྒྱུགས་ལེན་དང་རྩ་འཛུགས་ཀྱི་ལྟ་ཞིབ་སོགས་བྱེད་སྟངས་བརྒྱུད་ཡོངས་བསྒྲགས་ངང་བསྡུ་རྒྱུ་ཡིན་པ་རེད།
         《བསམ་འཆར་》ནང་ཁ་གསལ་བཏོན་དོན། གྲོང་གསེབ་ཀྱི་གཞི་རིམ་དུ་ལས་ཀར་ཡོང་མཁན་མཐོ་སློབ་སློབ་ཐོན་སློབ་མར་གནས་སའི་ཤང་གྲོང་ངམ་ཡང་ན་ལས་ཁུངས་ཀྱིས་གཞི་རྩའི་སྡོད་ཁང་གི་འགན་ལེན་བྱ་རྒྱུ་རེད། ཆ་རྐྱེན་དང་མཐུན་པའི་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་དབུལ་པོའི་རྫོང་གི་གཞི་རིམ་དུ་ཞབས་འདེགས་ཞུ་མཁན་མཐོ་སློབ་སློབ་ཐོན་སློབ་མ་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཚབ་འཇལ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད། གྲོང་གསེབ་ཀྱི་གཞི་རིམ་དུ་མཁོ་བ་དང་ཁ་ཐང་བའི་ཆེད་ལས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ཆེད་དོན་ཁྱིམ་འཛུགས་གྲོན་དངུལ་སྤྲོད་རྒྱུ་རེད།
         《བསམ་འཆར་》ནང་གཏན་འབེབས་བྱས་དོན། གཞི་རིམ་གྱི་མི་སྣར་གོ་མིང་ཞིབ་དཔྱད་བྱེད་སྐབས་དབྱིན་སྐད་དང་། རྩིས་འཁོར་བཀོལ་སྤྱོད་ནུས་པ། དཔྱད་རྩོམ་སོགས་ཐད་ཀྱི་ཆ་རྐྱེན་མཐོ་པོ་མེད་མོད། འོན་ཀྱང་གཞི་རིམ་གྱི་འཐབ་ས་དང་པོ་དང་ལྷག་དོན་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོའི་ཆེད་ལས་ལག་རྩལ་མི་སྣའི་ལས་གནས་ཀྱི་འགན་འཁྲི་སྒྲུབ་ནུས་དང་། ལས་ཀའི་བྱས་རྗེས། ལས་ཞུགས་ལོ་གྲངས་སོགས་ཀྱི་ཆ་རྐྱེན་ལ་མཐོང་ཆེན་བྱེད་ཀྱི་ཡོད། རྫོང་དང་ཤང་གི་གཞི་རིམ་གྱི་འཐབ་ས་དང་པོར་ལས་ཀ་བྱས་ནས་ལོ་10འཁོར་བའམ་ཡང་ན་ལེགས་སྐྱེས་གལ་ཆེན་ཕུལ་ནས་ཞིང་ཆེན་རིམ་པ་ཡན་གྱི་གཙོ་གཉེར་སྡེ་ཚན་གྱི་གཟེངས་བསྟོད་དང་ཁས་ལེན་ཐོབ་པའི་མཐོ་སློབ་སློབ་ཐོན་སློབ་མར་ལོ་2ཀྱི་སྔ་སྣུར་ནས་གོ་གནས་སྤོར་བའམ་ཡང་ན་གོ་མིང་སྤྲོད་ཆོག་གི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།