འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།མི་སྤྱི་པུས་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་གཅིག་སྡུད་ཐོག་ཐག་གཅོད་མྱུར་པོ་བྱེད་དགོས་
    པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་03ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ་རྒྱ་ཆེའི་ཞིང་པ་ལས་མི་གླ་ཆ་བླངས་ནས་ཁྱིམ་དུ་ལོ་གསར་གཏོང་བར་འགྲོ་ཐུབ་པའི་འགན་ལེན་བྱ་ཆེད། མི་སྤྱི་པུས་《དཔྱིད་གསར་དུས་ཆེན་གོང་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་ལས་དོན་སྔར་བས་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས་ས་གནས་ཁག་ལ་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་མགྱོགས་མྱུར་ཐག་གཅོད་བྱས་ཏེ་གླ་ཆ་འགྱངས་ཆད་ཀྱི་གྲངས་འབོར་མང་བ་དང་འཕྲལ་མར་གླ་ཆ་གཙང་འཇལ་མ་ཐུབ་པའམ་ཡང་ན་ཁེ་ལས་ཀྱི་སྦྱིན་བདག་གིས་གླ་ཆ་འགྱངས་ཆད་བྱས་ནས་བྲོས་བྱོལ་དུ་སོང་བར་དུས་ཐོག་ཏུ་གླ་ཆའི་འགན་ལེན་མ་དངུལ་དང་སྲིད་གཞུང་གི་འཕྲལ་བསྟུན་འཁོར་རྒྱུག་མ་དངུལ་ལམ་ཡང་ན་ཐབས་ལམ་གཞན་དག་སྤྱད་ནས་མ་དངུལ་གྲབས་གསོག་བྱས་ཏེ་སྔོན་ལ་གླ་ཆའི་ཁྲོད་ནས་ཆ་ཤས་ཙམ་སྤྲོད་པའམ་ཡང་ན་གཞི་རྩའི་འཚོ་བའི་འགྲོ་གྲོན་སྤྲད་དེ་ཞིང་པ་ལས་མིའི་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         《བརྡ་ཐོའི་》ནང་གྱོད་དོན་ཐོ་འགོད་བྱས་ནས་གྱོད་ཐག་བཅད་མེད་པའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞིར་ས་གནས་ཁག་གིས་རྩིས་ཐོ་མེད་པ་བཟོ་བའི་བྱེད་ཐབས་སྤྱད་དེ་སྟོབས་ཤུགས་གཅིག་སྡུད་ཀྱིས་ཕྱོགས་བསྡུས་ཇུས་འདོན་བྱེད་པ་དང་། གླ་ཆ་འགྱངས་ཆད་བྱེད་མཁན་གྱི་ཚན་པར་གང་མགྱོགས་ཐག་གཅོད་དང་གྱོད་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་དགོས། གླ་ཆ་འགྱངས་ཆད་ཀྱི་གནད་དོན་གསར་པ་ཤེས་རྟོགས་གཅིག་ཐུབ་ཚེ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི་ཚབས་ཆེན་དང་སྲིད་གཞུང་གི་མ་འཇོག་ལས་གྲྭའི་རྣམ་གྲངས་ཀྱི་རྣམ་གྲངས་མ་དངུལ་འགྱངས་ཆད་བྱས་པའི་དབང་གིས་ཐོན་པའི་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞིར་འགོ་ཁྲིད་ཀྱིས་གྱོད་གཞི་འགན་གཙང་ལེན་པ་དང་མིང་སྦྱར་ལྟ་སྐུལ་བྱེད་དགོས། རླུང་འཕྲིན་དང་། བརྙན་འཕྲིན། སྐད་འཕྲིན། དཔོད་ཆུང་སོགས་བྱེད་ཐབས་སྣ་མང་སྤྱད་དེ་སྤྱི་ཚོགས་སུ་ཐེར་འདོན་དང་ཞུ་གཏུག་བྱེད་སའི་ཐབས་ལམ་སྔར་བས་ཡོངས་བསྒྲགས་བྱས་ནས་ཆུ་ཚོད་24ཡི་རིང་སྙན་སེང་དང་ལེན་ཞུས་པ་དང་། ཐོག་མའི་འགན་འཁྲིའི་ལམ་ལུགས་བཙུགས་ནས་ཞིང་པ་ལས་མིར་ཞུ་གཏུག་བྱེད་ས་ཡོད་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།