འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་པེར་ཀྲེམ་དུ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་29ཉིན་ཀྲུང་གོའི་མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར་འགོ་ཚུགས་ཤིང་། འགྲེམས་སྟོན་དངོས་པོ་200ལྷག་ཙམ་གྱིས་མཚོ་སྔོན་ས་ཁུལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། མི་རིགས་ཀྱི་གོམས་སྲོལ། གཏིང་ཟབ་པའི་ལོ་རྒྱུས་རིག་གནས་བཅས་མངོན་པར་བྱས་པ་རེད།
         འགྲེམས་སྟོན་དངོས་པོའི་ནང་ཐང་ག་དང་། བོད་ཀྱི་འཚེམ་དྲུབ། བོད་སྤོས། དཔེ་ཆ། འབྲུ་སྣ་ལྔའི་རི་མོ། མི་རིགས་ཀྱི་རྒྱན་གོས་སོགས་ཡོད་ཅིང་། དེའི་ནང་བཟོ་ལྟ་གསོན་ཉམས་དོད་པ་དང་། སྤུས་ཀ་དག་པ། ཚོན་མདངས་རྣམ་པར་བཀྲ་བའི་ཐང་གའི་སྒྱུ་རྩལ་གྱིས་ལྟ་སྐོར་བའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་ཡོད། “རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག”ཡིན་པའི་རེབ་གོང་སྒྱུ་རྩལ་གྱི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ལག་རྩལ་ཆེ་མོ་བ་ཤ་བོ་སྐྱབས་ཀྱིས་ས་གནས་ས་ཐོག་ཏུ་ལྟ་སྐོར་བ་ཚོར་དེའི་སྐོར་འགྲེལ་བཤད་བརྒྱབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་གཉིས་ཡིན་པའི་པུ་རུ་སེར་གྱི་འགྲེམས་སྟོན་མཇུག་འགྲིལ་རྗེས་ཁོང་ཚོ་མུ་མཐུད་འཇར་མན་གྱི་ཏུའུ་སེར་ཏུའོ་ཧྥུའུ་རུ་འགྲེམས་སྟོན་བྱེད་པར་བསྐྱོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།