འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་ཕྱོགས་ལ་འཇམ་འཐབ་སྐྱུར་ནས་ཨ་རི་དང་ཀྲུང་གོའི་བར་གྱི་འབྲེལ་
    བར་ལྟ་བ་ཡང་དག་འཛིན་རེ་སྟོན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་སྲིད་འཛིན་ཐེ་རོམ་ཕུ་ཡིས་རྒྱལ་དོན་གནས་ཚུལ་འདྲི་རྩད་ཡིག་ཆའི་ནང་དུ། ཀྲུང་གོ་དང་ཨུ་རུ་སུ་ནི་ཨ་རིའི་འགྲན་ཡ་ཡིན་ལུགས་བརྗོད་ཡོད་པ་རེད། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཧྭ་ཁྲུན་དབྱིང་གིས་ཟླ་1ཚེས་31ཉིན་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག་ཏུ། ཨ་རིའི་ཕྱོགས་ལ་འཇམ་འཐབ་སྐྱུར་ནས་ཨ་རི་དང་ཀྲུང་གོའི་བར་གྱི་འབྲེལ་བར་ལྟ་བ་ཡང་དག་འཛིན་པའི་རེ་བ་སྟོན་པ་རེད།
         ཧྭ་ཁྲུན་དབྱིང་གིས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཁྱབ་རྒྱ་ཆེ་ལ་ཐུན་མོང་གི་ཁེ་ཕན་གལ་ཆེན་ཡོད་པ་དང་། དུས་མཚུངས་ཕྱོགས་འགལ་ཡོད་ཀྱང་། རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་ནི་ཕྱོགས་འགལ་ལས་ཀྱང་གལ་ཆེ་བས། ལོ་རྒྱུས་དང་དངོས་དོན་གཉིས་ཀའི་ཐོག་ནས། མཉམ་ལས་ནི་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་གདམ་ག་ཡང་དག་ཉག་གཅིག་ཡིན་པ་དང་། མཉམ་རྒྱལ་བྱུང་ན་ད་གཟོད་མཛེས་སྡུག་ལྡན་པའི་མ་འོངས་པར་བསྐྱོད་ཐུབ་པ་མཚོན་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།