འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲིའི་དངུལ་སྒོར་དུང་ཕྱུར་1.5
    ལྷག་ཙམ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མོས་མཐུན་གནང་བ་བརྒྱུད། ཀྲུང་དབྱང་རྩ་འཛུགས་པུས་ཚབ་བྱས་ཏེ་ཀྲུང་དབྱང་གིས་དོ་དམ་ཏང་གྲོན་ཁྲོད་ནས་སྒོར་དུང་ཕྱུར་1.5ལྷག་ཙམ་2018ལོའི་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་བྱེད་པར་ཆེད་དུ་སྤྱོད་རྒྱུ་ཡིན་ཞིང་། དེའང་གཙོ་བོ་ས་ཁུལ་དབུལ་པོ་དང་། གནོད་འཚེ་ཕོག་ཡུལ། དཀའ་ངལ་ཡོད་པའི་ལས་ཁུངས་བཅས་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་དང་། ཐོན་སྐྱེད་ལས་དོན་གྱི་འཐབ་ས་དང་པོ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོའི་ཏང་ཡོན་ལས་བྱེད་པ། གྲོང་ཚོའི(སྡེ་ཁུལ)རྐང་འཛིན་པ་རྒན་གྲས་དང་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་དང་གཞུང་དོན་དུ་ཚེ་སྲོག་ཤོར་བའི་ཏང་ཡོན་དང་ལས་བྱེད་པའི་ཁྱིམ་ཚང་བཅས་ལ་སྤྲོད་རྒྱུ་རེད།
         ཀྲུང་དབྱང་གིས་དོ་དམ་གནང་བའི་ཏང་གྲོན་ལ་སྤྱོད་ཡུལ་དང་ཞིབ་བཤེར་ཆོག་མཆན་གྱི་འགྲོ་ལུགས་ནན་པོ་ཡོད་པས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་ལ་ཁ་གསབ་སྤྲོད་རྒྱུ་དེ་རྣམ་གྲངས་གལ་ཆེན་དེའི་གྲས་ཤིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་དོ་དམ་ཏང་གྲོན་ཁྲོད་ནས་སྒོར་དུང་ཕྱུར་5.5ཆེད་མངགས་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་བྱེད་པའི་ཐད་བཏང་ཡོད།
         ཀྲུང་དབྱང་རྩ་འཛུགས་པུས་བླང་བྱ་བཏོན་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་འཚམས་འདྲིའི་བྱེད་སྒོ་སྤེལ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ལ་བརྩིས་ནས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་མི་རེར་འཚམས་འདྲི་དང་། དུད་ཚང་རེར་དྲོ་སྐྱིད་སྦྱིན་པ། ཡུག་ཁུལ་རེར་སྐུལ་ཁྲིད་ཐུབ་པ་བཅས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས། རིམ་ཁག་ཏང་ཨུད་རྩ་འཛུགས་སྡེ་ཚན་གྱིས་རིམ་པ་དེ་གའི་ཏང་ཨུད(ལས་དོན་ཨུ་ལྷན)ཀྱི་ཚབ་བྱས་ཏེ་དོ་དམ་ཏང་གྲོན་ཁྲོད་ནས་དེ་མཚུངས་ཀྱི་མ་དངུལ་འཚམས་འདྲིའི་དངུལ་དུ་བྱས་ཏེ་ཆེད་དངུལ་ཆེད་སྤྱོད་ཐུབ་པའི་འགན་ལེན་བྱས་ནས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་གྲས་དང་དེ་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།