འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རང་མོས་ངང་ཕུང་པོའམ་དབང་པོ་ཞལ་འདེབས་སུ་འབུལ་འདོད་པའི་སྤྱི་དམངས་2300
    ལྷག་ཙམ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཁྲུང་ཆིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ནས་ཤེས་རྟོགས་བྱུང་བར། ད་བར་ཁྲུང་ཆིང་གྲོང་ཁྱེར་དུ་རང་མོས་ངང་ཕུང་པོའམ་དབང་པོ་ཞལ་འདེབས་སུ་འབུལ་འདོད་པའི་སྤྱི་དམངས་2300ལྷག་ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་དབང་པོ་ཞལ་འདེབས་སུ་ཕུལ་བའི་གནས་ཚུལ་250ལྷག་ཙམ་ཡོད་པ་ལས་2016ལོར་81ཟིན་ནས་དེ་གོང་གི་ལོ་བཞིའི་བསྡོམས་འབོར་ལས་མང་བ་ཡོད། 2017ལོར་100ལྷག་ཙམ་ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
         ཁྲུང་ཆིང་གྲོང་ཁྱེར་གྱིས་1980ལོ་དང་2012ལོར་ཕུང་པོ་དང་དབང་པོ་ཞལ་འདེབས་འབུལ་བའི་ལས་དོན་སྤེལ་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། དབང་པོ་ཞལ་འདེབས་འབུལ་བའི་ལས་དོན་སྤེལ་བའི་དུས་འགོའི་ལོ་4ལ་ཁྲུང་ཆིང་གྲོང་ཁྱེར་དུ་ལོ་ལྟར་དབང་པོ་ཞལ་འདེབས་འབུལ་ཚད་ཆ་སྙོམས་20ཡང་ཟིན་གྱི་མེད། ཁྲུང་ཆིང་རྒྱ་གྲམ་དམར་པོ་ཚོགས་པའི་དབང་པོ་ཞལ་འདེབས་ཀྱི་ཆེད་བསྐོས་མཐུན་སྦྱོར་བ་སྨི་ཀྲེ་ཧུའེ་ཡིས་དྲིལ་བསྒྲགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་བསྟུན་ནས་ཁྲུང་ཆིང་གི་གྲོང་མིས་ཕུང་པོ་དང་དབང་པོ་ཞལ་འདེབས་དང་ལེན་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་ཅེས་བཤད། 2014ལོར་ཁྲུང་ཆིང་རྒྱ་གྲམ་དམར་པོ་ཚོགས་པས་ལོ་ལྟར་གྱི་ཟླ་4ཚེས་1ཉིན་ནི“ཕུང་པོ་དང་དབང་པོ་ཞལ་འདེབས་འབུལ་མཁན་ལ་རྗེས་དྲན་ཞུ་བའི་དྲན་གསོའི་ཉིན་མོར”གཏན་འཁེལ་བྱས་པ་དང་། 2017ལོའི་ཟླ་3པར་ཁྲུང་ཆིང་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པས་ལྟེ་གནས་གྲོང་ཁུལ་གྱི་ལྕགས་ལམ་གཙོ་བོ་4རུ་དབང་པོ་ཞལ་འདེབས་འབུལ་བའི་དྲིལ་བསྒྲགས་ཀྱི་ཆེད་གཏོང་མེ་འཁོར་5བཀོད་སྒྲིག་བྱས་ནས་ཉིན་20རྒྱུན་མཐུད་འཁོར་སྐྱོད་བྱེད་དུ་བཅུག་པས། སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་ཉིན་ལྟར་མི་བཅུ་གྲངས་ཁ་ཤས་ཀྱིས་ཕུང་པོའམ་དབང་པོ་ཞལ་འདེབས་འབུལ་འདོད་པའི་དང་བླངས་པར་ཐོ་འགོད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།