འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་པི་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་ཁག་ལྔ་པས་
    གཅེས་སེམས་སློབ་སྐྱོར་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ལི་པི་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་ཁག་ལྔ་པས་མོང་ཐེ་སའེ་ལ་ཏུའོ་ཀྲོའུ་ཡི་ཨན་ན·དབྱིན་ནུའོ་ཁེ་སློབ་གྲྭར་གཅེས་སེམས་སློབ་སྐྱོར་བྱེད་སྒོ་སྤེལ་ཏེ་སློབ་མ་ཚོར་དཔེ་ཁུག་དང་། སྨྱུག་སྒམ། སྨྱུ་གུ རྐང་རྩེད་སྤོ་ལོ་སོགས་ཀྱི་སློབ་སྦྱོང་དང་ལུས་རྩལ་མཁོ་ཆས་སྟོང་ཕྲག་ལྷག་ཙམ་སྤྲད་པ་རེད།
         གཏུམ་འགོག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཁྲེན་ལི་ཧྭས་ཤིས་ཚིག་བརྗོད་སྐབས་རུ་མི་ཡོངས་ཀྱིས་སློབ་མར་སེམས་ཁུར་བྱས་པ་དེ་ཐོག་ནས་རུ་མི་ཚོས་ཞི་བདེར་དགའ་ཞེན་དང་ལི་པི་རི་ཡ་དང་ཡུལ་དེའི་མི་དམངས་ལ་དགའ་ཞེན་བྱེད་ལུགས་མཚོན་ཐུབ། ཕྲུ་གུ་ཚོས་སློབ་སྦྱོང་ཧུར་ཐག་བྱེད་པ་དང་། སྤྲོ་སྣང་ངང་འཚོ་བ་སྐྱེལ་བ། བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་བྱས་ཏེ་ཀྲུང་ལི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མི་རབས་ནས་མི་རབས་རྒྱུན་འཛིན་ཐུབ་རེ་བྱེད་ཀྱི་ཡོད་ཅེས་བཤད།
         ཨན་ན·དབྱིན་ནུའོ་ཁེ་སློབ་གྲྭའི་སློབ་སྤྱི་ཧྲི་ཏི་ཕུའུ་ཡིས་སློབ་གྲྭའི་ཚབ་བྱས་ནས་ཞལ་འདེབས་དང་ལེན་བྱས་ཤིང་། ཁོང་གིས“ཁྱེད་ཚོས་སྒེར་སེམས་མེད་པའི་རོགས་རམ་གནང་བར་སེམས་འགུལ་ཚད་མེད་ཐེབས་བྱུང་ལ་སླད་ཕྱིན་གྱི་ལི་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུར་རྨང་གཞི་བཟང་པོ་ཡང་བཏིང་ཡོད། ངས་ལི་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
         ལི་པི་རི་ཡར་བཅའ་སྡོད་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་གཏུམ་འགོག་རུ་ཁག་ཁག་ལྔ་པ་ཀོང་ཤིས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གིས་རང་ཚུགས་ངང་བཙུགས་པ་ཞིག་ཡིན། 2017ལོའི་ཟླ་3ཚེས་11ཉིན་ནས་ལས་དོན་སྤེལ་འགོ་ཚུགས་ཚུན། གཏུམ་འགོག་རུ་ཁག་གིས་མཁའ་དབྱིངས་ཀྱི་སྐོར་གཡེང་དང་། མཉམ་འབྲེལ་སྐོར་གཡེང་། གནས་གཏན་འཁེལ་གྱི་འགོག་སྲུང་སོགས་ཞི་བདེ་སྲུང་སྐྱོང་གི་ལས་འགན་ཁག་མང་པོ་བདེ་བླག་ངང་ལེགས་སྒྲུབ་བྱས་པས། ལི་པི་རི་ཡར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངགས་པ་དང་། ལི་པི་རི་ཡའི་སྲིད་གཞུང་། ལི་པི་རི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱི་གདེང་འཇོག་བཟང་པོ་ཐེངས་མང་ཐོབ་མྱོང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།