འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་ཞིང་པ་ལས་མིའི་ཟླ་རེའི་ཡོང་འབབ་ཆ་སྙོམས་སྒོར་3485ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་5རིང་། ཞིང་པ་ལས་མི་གྲོང་ཁྱེར་ཅན་དུ་འགྱུར་བར་བྱེད་པའི་སྲིད་ཇུས་ཀྱི་མ་ལག་དང་ལས་ཀའི་ལམ་ལུགས་མུ་མཐུད་ནས་ལེགས་བཅོས་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་རྫོང་རིམ་པ་ཡན་གྱི་ས་གནས་སྲིད་གཞུང་བར་ཡོངས་ཁྱབ་ཏུ་ཞིང་པ་ལས་མིའི་ལས་ཀའི་སློབ་སྟོན་ཚོ་ཆུང་བཙུགས་ནས། ཞིང་པ་ལས་མི་གྲོང་ཁྱེར་ཅན་དུ་འགྱུར་བར་བྱེད་པའི་གོ་རིམ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། 2017ལོར་ཞིང་པ་ལས་མི་བསྡོམས་འབོར་དུང་ཕྱུར་2.87ཟིན་པ་རེད། དེ་ནི་2012ལོའི་བསྡོམས་འབོར་ཐོག་མི་གྲངས་ཁྲི་2319འཕར་ནས། ཆ་སྙོམས་1.8%འཕར་ཡོད་པ་རེད། ལོ་5ཚུན་ལ་ལས་རིགས་ཀྱི་ལག་རྩལ་སྦྱོང་བརྡར་ནང་ཞུགས་པའི་ཞིང་པ་ལས་མི་ཐེངས་གྲངས་དུང་ཕྱུར་1ལས་བརྒལ་ཡོད་པ་དང་། ཞིང་པ་ལས་མིའི་ཟླ་རེའི་ཆ་སྙོམས་ཡོང་འབབ་ནི་2012ལོར་ཡོང་འབབ་སྒོར་2290ཡིན་པ་ནས་2017ལོར་3485བར་འཕར་ཡོད་ཅིང་། ལོ་རེར་ཡོང་འབབ་ཆ་སྙོམས་8.8%འཕར་ཡོད་པ་རེད། 2017ལོར་གླ་ཆ་ཆད་འགྱངས་བཏང་བའི་ཞིང་པ་0.5%བར་ཉུང་དུ་ཕྱིན་ཡོད་པ་རེད།
        2017ལོའི་ལོ་མཇུག་ཏུ། ཞིང་པ་ལས་མི་མ་མཐའི་རྒན་གསོ་རུ་ཞུགས་པ་མི་ཁྲི་6202ཟིན་ཡོད་པ་དང་། མ་མཐའི་སྨན་བཅོས་འགན་སྲུང་ལ་ཞུགས་པ་མི་ཁྲི་6225ཟིན་པ། ལས་རྨས་ཀྱི་ལས་མི་འགན་བཅོལ་བྱས་མི་ཁྲི་7839ཟིན་པ། ལས་ཤོར་འགན་བཅོལ་བྱས་མི་ཁྲི་4897ཟིན་པ་བཅས་དེ་དག་སོ་སོར་2012ལོའི་ལོ་མཇུག་ལས་36.5%、དང་24.6%、9.3%、81.2%བཅས་འཕར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།