འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་ཨ་རིར་ཨ་ལ་སི་ཅ་ཀྲོའུ་དང་མཉམ་ལས་བྱ་རྒྱུའི་གྲོས་བསྡུར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་01ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་ཨ་ལ་སི་ཅ་དང་ཀྲུང་གོའི་ཚོང་དོན་གླེང་སྟེགས་སྐབས་11པ་ཨ་རིའི་ཨ་ལ་སི་ཅ་ཀྲོའུ་ཡི་གྲོང་ཁྱེར་ཆེ་ཤོས་ཨན་ཁེ་ལེ་ཆིར་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཁབ་གཉིས་ཀྱི་འཐུས་མིས་ཀྲུང་གོ་དང་ཨ་ལ་སི་ཅ་ཡི་ནུས་རྒྱུ་དང་། ཉ་ལས། ཡུལ་སྐོར། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐད་སྤེལ་རེས་བྱས་ཡོད་པ་རེད།
         ཨ་རིའི་ཚོང་དོན་པུའུ་དང་། ཨ་ལ་སི་ཅ་ཀྲོའུ་སྲིད་གཞུང་། ཨ་ལ་སི་ཅའི་རང་བྱུང་སོལ་རླངས་གསར་སྤེལ་ཀུང་སི། ཨ་ལ་སི་ཅ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་སོགས་ཀྱི་ཆབ་སྲིད་དང་། ཚོང་དོན་མི་སྣ། མཁས་དབང་བཅས་དང་ཀྲུང་གོ་དངུལ་ཁང་ཉིའུ་གཡོད་ཡན་ལག་དངུལ་ཁང་སོགས་ཀྱི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི་རྣམས་ཉིན་དེའི་བྱེད་སྒོར་ཞུགས་པ་རེད། ཅིའུ་ཅིན་ཧྲན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་གཞོན་པ་རེན་ཧྥ་ཆང་དང་དཔལ་འབྱོར་ཚོང་དོན་གྱི་ཚན་ཙན་དབྱང་དབྱི་ཧང་གདན་ཞུས་ལྟར་བྱེད་སྒོར་ཞུགས་པ་རེད།
         རེན་ཧྥ་ཆང་གིས་བཞེད་དོན་གཙོ་བོའི་གཏམ་བཤད་ནང་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་བྱ་རྒྱུ་དེ་ཡིན། ཀྲུང་གོ་དང་ཨ་ལ་སི་ཅ་ཀྲོའུ་དབར་དཔལ་འབྱོར་ཐད་གསབ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ནུས་རྒྱུ་དང་གཏེར་ཁ་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་བྱ་གཞི་ཆེན་པོ་ལྡན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།