འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུན་མོང་འཕེལ་རྒྱས་དང་མཉམ་ཁེ་ཡོང་བར་བརྩོན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་29ཉིན། 15:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཐུན་མོང་འཕེལ་རྒྱས་དང་མཉམ་ཁེ་ཡོང་བར་བརྩོན།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། པེ་ཅིང་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་བཅོ་ལྔ་པའི་ཚོགས་འདུ་ཐེངས་དང་པོས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཅིང་ཅིན་ཅེའི་ཐུན་མོང་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཚུན་ཀྲུང་ཀོན་གྲོང་ཚོའི་ཅིན་ཅེ་ས་གནས་གཉིས་སུ་བཙུགས་པའི་ཡན་ལག་སྒྲིག་གཞི་6100ལས་བརྒལ་ཡོད་པ་དང་ཅིན་ཅེའི་ལག་རྩལ་མཉམ་ལས་ཐད་ཚོང་འགྲིག་ཚད་སྒོར་དུང་ཕྱུར་470ལས་བརྒལ་བ་དང་པེ་ཅིང་གིས་ཅིན་ཅེ་ས་ཁུལ་གཉིས་སུ་འཇལ་བའི་དངུལ་འབོར་དེ་སྒོར་དུང་ཕྱུར་5600ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས། 
         པེ་ཅིང་ཀྲུང་ཀོན་གྲོང་ཚོའི་མོན་ཐའོ་ཀོའུ་གླིང་གི་ཁེ་ལས་པེ་ཅིང་བརྐོས་མ་ཚོགས་པའི་སྤྱི་ཁྱབ་པུའུ་ཡི་ཞིབ་སྤེལ་མི་སྣས་གང་འདྲ་བྱས་ཏེ་ལས་སྣོན་ཞིབ་ཚགས་ཡོང་རྒྱུར་ཞིབ་འཇུག་བྱེད་ཅིང་། ཅིང་ཅིན་ཅེའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གདོང་ལེན་པ་ཡིན་པའི་ཁེ་ལས་དེས་པེ་ཅིང་སྤྱི་ཁྱབ་པུའི་ཞིབ་སྤེལ་ཚོད་ལྟ་ཁང་དང་ལང་ཧྥང་རྟེན་གཞི་བཙུགས་ནས་རླངས་འཁོར་སོགས་ཀྱི་མ་དཔེ་ཐོན་སྐྱེད་བྱེད་ཀྱི་ཡོད།
     
      

    ཕྱོགས་བསྡུས་གསར་འགྱུར།