འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ལོ་འཁོར་གྱི"རྒྱལ་ཁབ་ལས་ཁུངས་ཀྱི་གཞུང་ལས་པའི་ཡིག་རྒྱུགས"ཚད་
    ལོན་སྐར་གྲངས་ཀྱི་ཚད་གཞི་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་29ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གཞུང་ལས་པ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིའི་2018ལོའི་ལོ་འཁོར་གྱི་གཞུང་ལས་པ་རྒྱུགས་བསྡུའི་ཡིག་རྒྱུགས་སྐར་གྲངས་2018ལོའི་ཟླ་1ཚེས་25ཉིན་ཁྱབ་བསྒྲགས་བྱས་ཡོད། རྒྱུགས་སྤྲོད་སློབ་མས་ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིའི་2018ལོའི་ལོ་འཁོར་གྱི་གཞུང་ལས་པ་རྒྱུགས་བསྡུའི་ཆེད་དོན་དྲ་ཚུགས(http://bm.scs.gov.cn/2018)བརྒྱུད་ནས་ཡིག་རྒྱུགས་ཀྱི་སྐར་གྲངས་ལྟ་ཆོག་གི་ཡོད་པ་རེད།
         ཞིང་ཆེན་རིམ་པ་ཡན(ཞིང་ཆེན་རིམ་པ་གཞོན་པ་ཚུད་པ)གྱི་ལས་གནས་ལ་ཡིག་རྒྱུགས་གཏོང་མཁན་གྱི་ཚད་ལོན་སྐར་གྲངས་ཏེ། སྤྱིའི་སྐར་གྲངས་105ལས་དམའ་མི་རུང་བ་མ་ཟད། ད་དུང་སྲིད་འཛིན་ལས་གནས་ཀྱི་འཇོན་ཐང་ཡིག་རྒྱུགས་ཀྱི་སྐར་གྲངས་60ལས་དམའ་མི་རུང་། གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)རིམ་པའི་ལས་གནས་ལ་ཡིག་རྒྱུགས་གཏོང་མཁན་གྱི་ཚད་ལོན་སྐར་གྲངས་ཏེ། སྤྱིའི་སྐར་གྲངས་90ལས་དམའ་མི་རུང་བ་མ་ཟད། ད་དུང་སྲིད་འཛིན་ལས་གནས་ཀྱི་འཇོན་ཐང་ཡིག་རྒྱུགས་ཀྱི་སྐར་གྲངས་50ལས་དམའ་མི་རུང་།
         ནུབ་རྒྱུད་ས་ཁུལ་དང་དཀའ་ངལ་ཆེ་བའི་མཐའ་མཚམས་ས་ཁུལ(ཧྲན་ཤིས་དང་། ནང་སོག ཡུན་ནན། བོད་ལྗོངས། ཧྲའན་ཤིས། ཀན་སུའུ། ཉིང་ཞ། མཚོ་སྔོན། ཤིན་ཅང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་15)གྱི་གྲོང་ཁྱེར(ས་ཁུལ)དང་། རྫོང(ཆུས)རིམ་པའི་ལས་གནས་ཀྱི་ཚད་ལོན་སྐར་གྲངས་ཏེ། སྤྱིའི་སྐར་གྲངས་85ལས་དམའ་མི་རུང་བ་མ་ཟད། ད་དུང་སྲིད་འཛིན་ལས་གནས་ཀྱི་འཇོན་ཐང་ཡིག་རྒྱུགས་ཀྱི་སྐར་གྲངས་45ལས་དམའ་མི་རུང་།
      

    ཕྱོགས་བསྡུས་གསར་འགྱུར།