འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སུའུ་ཙེར་གྱིས་གྲངས་གཞི་གསར་པ་བསྡུ་བའི་མ་ལག་ཞིབ་འཇུག་བྱས་ནས་རིག་ནུས་སྐྲུན་
    དངོས་ལ་རམ་འདེགས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་29ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སུའུ་ཙེར་གྱི་ཞིབ་འཇུག་པས་སྐྲུན་དངོས་ནང་གི་ནུས་རྒྱུའི་གྲངས་གཞི་བསྡུ་ཐུབ་པའི་མ་ལག་ཅིག་ཕྱོགས་ཡོངས་ནས་གསར་སྤེལ་བྱས་ཏེ་རིག་ནུས་ཁང་པ་བསྐྲུན་ནས་ཐོན་ཁུངས་བཟང་སྒྲིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད།
         ད་ཆ་སྐྲུན་དངོས་ཀྱི་གྲངས་གཞི་བསྡུ་བའི་མ་ལག་སྤྱོད་རྒྱུ་དེ་སྤྱིར་ཡོངས་ཁྱབ་ཏུ་ཆགས་ཡོད། དཔེར་ན་མ་ལག་ལ་ལས་ཁྱིམ་དུ་མི་འཛུལ་མ་ཐག་གློག་སྒྲོན་རང་འགུལ་ངང་འབར་བ་དང་། མ་ལག་ལ་ལས་མི་ལས་ཤག་ནས་དོན་པའི་རྗེས་དྲོད་རླངས་ཀྱི་དྲོད་ཚད་རིམ་བཞིན་དམའ་རུ་གཏོང་གི་ཡོད། ཡིན་ནའང་མ་ལག་དེ་དག་རང་འགུལ་ཅན་ཞིག་ཡིན་པར་བརྟེན་མིས་གསལ་པོ་མི་ཤེས་པ་རྣམས་མ་ལག་དེ་ལས་གསལ་པོ་མཐོང་ཐུབ་ཀྱི་ཡོད།
         དེར་བརྟེན་སུའུ་ཙེར་ལུའོ་སང་རྒྱལ་ཕྲན་མཉམ་འབྲེལ་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཞིབ་འཇུག་པས་གྲངས་གཞི་དེ་དག་བསྡུ་རུབ་བྱེད་པའི་མ་ལག་ཅིག་གསར་སྤེལ་བྱས་ཡོད། མ་ལག་དེས་སྐྲུན་དངོས་མི་འདྲ་བའི་ནང་གི་དྲ་སྦྲེལ་སྒྲིག་ཆས་ནས་གྲངས་གཞི་ཤེས་ཐབས་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།