འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་གཤིས་ཚན་རྩལ་ཁྱབ་གདལ་གྱི་འཆར་འགོད་ཐོག་མ་དེ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་29ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱིས་པེ་ཅིང་དུ་《ཀྲུང་གོ་ས་གཤིས་བརྟག་དཔྱད་ཅུས་ཀྱི་ཚན་རིག་ལག་རྩལ་ཁྱབ་གདལ་འཆར་འགོད(2017ལོ་ནས་2020ལོ་བར)(གཤམ་དུ་《འཆར་འགོད་》ཅེས་བསྡུ་རྒྱུ་》ཁྱབ་བསྒྲགས་བྱས་པ་དང་། འདི་ནི་རང་རྒྱལ་གྱི་ས་གཤིས་ཚན་རྩལ་ཁྱབ་གདལ་གྱི་འཆར་འགོད་ཐོག་མ་དེ་རེད།
         《འཆར་འགོད་》ནང་ཀྲུང་གོའི་ས་གཤིས་བརྟག་དཔྱད་ཅུས་ཀྱི་2020ལོ་དང་2025ལོའི་དུས་མཚམས་གཉིས་ཀྱི་ཚན་རྩལ་ཁྱབ་གདལ་ལས་དོན་གྱི་དམིགས་ཚད་བཏོན་ཡོད། འཆར་འགོད་གཞིར་བཟུང་། 2020ལོར་སླེབས་སྐབས་རང་བྱུང་སོལ་རླངས་དང་ཆུ་འདྲེས་དངོས་རྫས་དང་དེ་བཞིན་སའི་གོ་ལའི་གཏིང་ཁུལ་གྱི་འཚོལ་ཞིབ་ཚད་ལེན་སོགས་ཀྱི་ཁྱབ་ཁོངས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ནས་རང་རྒྱལ་གྱི་ཚན་རྩལ་ཁྱབ་གདལ་གྱི་དཔེ་སྟོན་རྟེན་གཞིར་འགྱུར་བ་བྱ་རྒྱུ་དང་། ཅུང་འཐུས་སྒོ་ཚང་བའི་ཚན་རྩལ་ཁྱབ་གདལ་ཐོན་རྫས་ཀྱི་མ་ལག་བཏོད་དེ་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་པའི་ཚན་རིག་ཁྱབ་གདལ་གྱི་བརྒྱུད་སྤེལ་ལས་སྟེགས་སྐྲུན་པ་དང་། གཞི་ཁྱོན་ངེས་ཅན་ལྡན་པའི་བྱང་ཚད་མཐོ་བའི་ཚན་རྩལ་ཁྱབ་གདལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་པ། རང་བྱུང་སོལ་རླངས་དང་ཆུ་འདྲེས་དངོས་རྫས་དང་དེ་བཞིན་སའི་གོ་ལའི་གཏིང་ཁུལ་གྱི་འཚོལ་ཞིབ་ཚད་ལེན་སོགས་ཀྱི་ཁྱབ་ཁོངས་འཛམ་གླིང་སྔོན་ཐོན་གྱི་གྲས་སུ་སླེབས་པ། ཚན་རིག་ཤེས་བྱ་ཁག་གཅིག་རང་རྒྱལ་གྱི་སློབ་གྲྭ་འབྲིང་ཆུང་གི་ཟུར་ཁྲིད་ནང་དོན་ནང་འཇུག་རྒྱུ་བཅས་སོ། 2025ལོར་སླེབས་སྐབས་ས་གཤིས་བརྟག་དཔྱད་ལས་སྒོའི་འཕེལ་རྒྱས་དང་འཚམ་པའི་ཚན་རིག་ཁྱབ་གདལ་གྱི་ནུས་པ་ཆགས་པ་བྱས་ཏེ་གཙོ་གནད་ལས་སྒོའི་ཁ་ཕྱོགས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་ཆུ་ཚད་འཛམ་གླིང་སྔོན་ཐོན་གྱི་གྲས་སུ་སླེབས་པ་བྱས་ནས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་ས་གཤིས་ཚན་རྩལ་ཁྱབ་གདལ་གྱི་སྒྲིག་གཞི་ཞིག་ཏུ་འགྱུར་བ་བྱ་རྒྱུ་དང་། འཐུས་སྒོ་ཚང་བའི་ཚན་རྩལ་ཁྱབ་གདལ་གྱི་ཐོན་རྫས་མ་ལག་དང་ཚན་རྩལ་ཁྱབ་གདལ་གྱི་ལས་སྟེགས་མ་ལག་ཅིག་བཏོད་དེ་ཚན་རྩལ་ཁྱབ་གདལ་གྱི་སྤུས་རྟགས་5ནས་7བར་གཏོད་པ་དང་ཚན་རྩལ་ཁྱབ་གདལ་གྱི་ཐོན་རྫས་སྣ་ཁ་1000འདོན་རྒྱུ། “ལི་སི་ཀོང་གི་ཚན་རྩལ་ཁྱབ་གདལ་འཆད་སྟེགས”ཉིད་རྒྱལ་ནང་དུ་ས་གཤིས་ཚན་རྩལ་ཁྱབ་གདལ་གྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་བརྒྱུད་སྤེལ་ལས་སྟེགས་སུ་འགྱུར་བ་བྱ་རྒྱུ། ཚན་རྩལ་མི་སྣའི་ཚན་རྩལ་ཁྱབ་གདལ་གྱི་འཇོན་ཐང་མངོན་གསལ་དོད་པོར་ཆེ་རུ་གཏོང་རྒྱུ་སོགས་ཡིན་པ་རེད།
         《འཆར་འགོད་》ནང་ད་དུང་གཙོ་གནད་ལས་འགན་ཁག་བཞི་བཏོན་པ་སྟེ། གཅིག་ནས“ཟབ་གསུམ་ས་གཅིག”གི་ཚན་རྩལ་ཁྱབ་ཁོངས་དང་། “ས་གཤིས་ཚན་རྩལ་འགག་སྒྲོལ་དམག་འཐབ་ཆེན་པོ་བདུན”གྱི་གཙོ་གནད་ཁ་ཕྱོགས། ས་གཤིས་བརྟག་དཔྱད་ཀྱི“འཆར་གཞི་ཆེན་པོ་བཅུའི”ལས་སྒོའི་ཁྱབ་ཁོངས། ལས་རིགས་ཀྱི་སྙིང་སྟོབས་དང་རིག་གནས་ཁྱབ་ཁོངས་བཅས་ཚུད་པའི་གཙོ་གནད་ཚན་རྩལ་ཁྱབ་གདལ་གྱི་ཐོན་རྫས་གསར་སྤེལ་བྱ་རྒྱུ་དང་། གཉིས་ནས“ལི་སི་ཀོང་གི་ཚན་རྩལ་ཁྱབ་གདལ་འཆད་སྟེགས”དང་། རིགས་ཁག་གི་ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་གལ་ཆེན་དང་། ས་གཤིས་ཚན་རྩལ་ཁྱབ་གདལ་གྱི་རྟེན་གཞི། ཚན་རྩལ་ཁྱབ་གདལ་གྱི་དྲ་ཚུགས། ཚན་རྩལ་ཁྱབ་གདལ་གྱི་དུས་དེབ་སོགས་ཚུད་པའི་ཚན་རྩལ་ཁྱབ་གདལ་གྱི་བརྒྱུད་སྤེལ་ལས་སྟེགས་གཏོད་རྒྱུ། གསུམ་ནས་ས་གཤིས་བརྟག་དཔྱད་ཀྱི་ལས་སྒོའི་ཁྱབ་ཁོངས་གལ་ཆེན་ལ་དམིགས་ཏེ་ཚན་རྩལ་ཁྱབ་གདལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། བཞི་ནས་རྣམ་གྲངས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་དཔྱད་ཞིབ་ལམ་ལུགས་དང་། ཚན་རྩལ་ཁྱབ་གདལ་ལས་དོན་གྱི་དུས་བཀག་སྙན་ཞུའི་ལམ་ལུགས། ཚན་རྩལ་ཁྱབ་གདལ་གྱི་བྱ་དགའི་ཁྲིད་སྟོན་ལམ་ལུགས་བཅས་ཚུད་པའི་ཚན་རྩལ་ཁྱབ་གདལ་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་སོ།།
      

    ཕྱོགས་བསྡུས་གསར་འགྱུར།