འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་རྒྱལ་ཁབ་ཁག་གི་ཁེ་ཕན་དང་འཚམ་པའི་དུས་རབས་ཀྱི་
    རླབས་རྒྱུན་ཞིག་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་རྒྱལ་ཁབ་ཁག་གི་ཁེ་ཕན་དང་འཚམ་པའི་དུས་རབས་ཀྱི་རླབས་རྒྱུན་ཞིག་རེད་ཅེས་བཤད་པ་དང་། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་མར་གཟན་ཆེན་པོ་བཟོ་བའི་བྱ་ཐབས་ཐོག་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་དབར་དཔལ་འབྱོར་ཚོང་དོན་འབྲེལ་བ་འཕེལ་རྒྱས་ཆེན་པོ་འགྲོ་བར་སྐུལ་འདེད་གཏོང་གི་ཡོད་ཅེས་ནན་བཤད་བྱས་པ་རེད།
        ཧྭ་ཁྲུན་ཡིང་གིས་གོང་ཚེས་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་འདྲི་བར་ལན་བསྐྱོན་སྐབས་གོང་གསལ་ལྟར་བཤད་པ་རེད།
         གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་23ཉིན། ཏ་ཝུའོ་སི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་2018ལོའི་ལོ་ཚོགས་འགོ་ཚུགས་ཤིང་། རྒྱ་གར་གྱི་ཙུང་ལི་མོ་ཏིས་འགོ་ཚུགས་མཛད་སྒོའི་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྐབས། གོ་ལ་ཧྲིལ་པོ་ཅན་ལ་རྒོལ་བའི་སྲུང་སྐྱོབ་རིང་ལུགས་ཀྱི་མགོ་བོ་འབུས་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོ་ཅན་དང་ལྡོག་པའི་སྣང་ཚུལ་ཐོན་བཞིན་ཡོད་ཅེས་བཤད་འདུག གནས་ཚུལ་སྤེལ་བ་ལྟར་ན། མོ་ཏིས་སྲུང་སྐྱོབ་རིང་ལུགས་ལ་རྒོལ་བའི་ལྟ་བ་དེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཏ་ཝུའོ་སིའི་གླེང་སྟེགས་ཐོག་གནང་བའི་གཏམ་བཤད་དང་འབྲེལ་བ་དམ་ཟབ་ཡོད། ཚོགས་ཞུགས་འཐུས་མི་ཁག་གཅིག་གིས་མོ་ཏིའི་གཏམ་བཤད་ཀྱི་ཤུགས་བསྟན་ངང་ཨ་རི་ཨང་དང་པོར་འཇོག་པའི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པ་ངོས་འཛིན་བྱས་འདུག ཀྲུང་གོ་ཕྱོགས་ཀྱིས་ཙུང་ལི་མོ་ཏིའི་གཏམ་བཤད་དེར་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
         ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་གྱི་ཙུང་ལི་མོ་ཏིས་སྲུང་སྐྱོབ་རིང་ལུགས་ལ་རྒོལ་བའི་ལྟ་སྟངས་ལ་དོ་སྣང་བྱུང་། དེ་ལས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་རྒྱལ་ཁབ་ཁག་དང་། ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་དུས་རབས་ཀྱི་རླབས་རྒྱུན་དང་མཚམ་པ་ཞིག་ཡིན་ཞེས་བཤད།
         ཁོང་གིས་ལོ་གཅིག་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག“དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང”ཞེས་པའི་བཞེད་དོན་གཙོ་བོའི་གཏམ་བཤད་གནང་སྟེ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཉིད་དེ་བས་སྒོ་དབྱེ་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། གཉིས་ཕན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཐད་ཀྲུང་གོའི་གདུང་སྒྲ་སྒྲོག་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དར་སྤེལ་གཏོང་བས། རྒྱལ་སྤྱིའི་ཐོག་རྒྱ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཆེན་པོ་ཐོན་ཡོད་ཅེས་བཤད།
         “ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ཧུར་ཐག་འཚམ་པ་དང་ཁྲིད་སྟོན་ཡག་པོ་བྱས་ནས་དེ་ཉིད་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་མུ་མཐུད་འགྱུར་བ་བྱེད་འདོད་ཡོད”ཅེས་ཁོང་གིས་དེ་ལྟར་བཤད།
         ཨ་རིའི་རྒྱལ་ནང་གི་ཚོང་དོན་སྲུང་སྐྱོབ་རིང་ལུགས་ཀྱི་འབོད་སྒྲ་ཆེ་རུ་ཕྱིན་པའི་སྐོར་གྱི་འདྲི་བར་ལན་བསྐྱོན་སྐབས་ཧྭ་ཁྲུན་ཡིང་གིས་ཚོང་དོན་སྲུང་སྐྱོབ་རིང་ལུགས་ནི“རལ་གྲི་ནོ་གཉིས་མ”ཞིག་དང་འདྲ་བར་མི་གཞན་ལ་རྨས་སྐྱོན་གཏོང་ཞོར་དུ་རང་ཉིད་ལའང་རྨས་སྐྱོན་ཕོག་སྲིད་ཅེས་གསུངས།
         “ང་ཚོས་སྔར་རྒྱུན་བཞིན་དགེ་མཚན་ལྡན་པའི་ཟུར་ཚད་ཐོག་ནས་ཁྲོམ་རའི་ཆོས་ཉིད་ལས་བྱུང་བའི་གནས་ཚུལ་གསར་པ་ཐག་གཅོད་བྱེད་པ་དང་། མར་གཟན་ཆེན་པོ་བཟོ་བའི་བྱ་ཐབས་ཐོག་ནས་ང་ཚོ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ཧྭ་ཁྲུང་ཡིང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།