འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་གྱི་ཁོར་ཡུག་སྲུང་སྐྱོང་ཁེ་ལས་ཀྱི་འགན་འཁུར་བར་འཇར་མན་གྱི་མཐོ་རིམ་ཤེས་
    ལྡན་པ་ཀྲུང་གོར་ཡོང་བའི་ཐོངས་མཆན་ཐོག་མ་དེ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 12:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་23ཉིན་པེར་ལིན་དུ་འཇར་མན་ཁོར་ཡུག་སྲུང་སྐྱོང་ཁེ་ལས་ཨོའུ་ལུའི་པའོ་ཚོགས་པའི་ཏུང་ཧྲི་ཀྲང་ཧྲི་ཝུའེ་ཧའོ་ལ་འཇར་མན་གྱི་མཐོ་རིམ་ཤེས་ལྡན་པ་ཀྲུང་གོར་ཡོང་བའི་ཐོངས་མཆན་ཐོག་མ་དེ་སྤྲད་པ་རེད།
         འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲི་མིང་ཏེས་ཉིན་དེར་ཧྲི་ཝུའེ་ཧའོ་ལ་ཐོངས་མཆན་སྤྲད་པ་རེད། ཧྲི་མིང་ཏེས་ཨོའུ་ལུའི་པའོ་ཚོགས་པའི་སྔོན་ཐོན་ལག་རྩལ་གྱི་འདུ་ཤེས་དེ་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པས་ཀྲུང་གོར་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད། འཇར་མན་གྱི་མཐོ་རིམ་ཤེས་ལྡན་པ་ཀྲུང་གོར་ཡོང་བའི་ཐོངས་མཆན་ཐོག་མ་དེ་སྤྲད་པ་དང་སྦྲགས་ཤེས་ལྡན་པ་སྔར་བས་མང་བ་ཀྲུང་གོར་ཡོང་ནས་ཀྲུང་གོའི་འཛུགས་སྐྲུན་དང་ཀྲུང་གོ་དང་འཇར་མན་དབར་གྱི་མཉམ་ལས་བྱ་བར་ལེགས་སྐྱེས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།
         ཧྲི་ཝུའེ་ཧའོ་ཡིས་ད་ཆ་ཀོང་ཏུང་དང་། སི་ཁྲོན། ཧྲང་ཧའེ། ཤང་ཀང་སོགས་ལ་ཨོའུ་ལུའི་པའོ་ཚོགས་པའི་མཉམ་ལས་ཀྱི་རྣམ་གྲངས་ཡོད་ལ། ལས་སྒོའི་ནང་འཚོ་བའི་གད་སྙིགས་གཙང་སེལ་གྱི་ལག་རྩལ་རབས་གསུམ་པ་དང་། ཕྱོགས་བསྡུས་ཐོན་ལས་གླིང་ཧྲིལ་པོའི་བཅོས་སྒྲིག་ཇུས་གཞི། གློག་རྡུལ་སྙིགས་རོ་དང་རླངས་འཁོར་རྙིང་ཧྲུལ་གཙང་སེལ་སོགས་བྱ་རྒྱུ་ཚུད་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།