འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུ་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྒྲོམ་གཞིའི་འོག་མཉམ་
    ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་འཚམས་འདྲིར་ཕེབས་པའི་ཨ་ཀེན་ཐིན་གྱི་ཙུང་ཐུང་མ་ལི་ཁེ་དང་མཇལ་འཛོམས་གནང་བ་དང་། ཕྱོགས་གཉིས་པོས་གྲོས་མོལ་གནང་སྐབས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པའི་གལ་ཆེའི་རང་བཞིན་བསྐྱར་བཤད་གནང་བ་དང་འབྲེལ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྒྲོམ་གཞིའི་འོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཚོང་དོན་མ་ལག་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲོམ་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་གྲོས་མོལ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།