འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱིས་ཟླ་2ཚེས་8ཉིན་དམག་འཛུགས་དུས་ཆེན་ལ་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 12:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་ནས་ཉེ་ཆར་གནས་ཚུལ་སྤེལ་བ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཅུས་ཀྱིས་ཚེས་22ཉིན་གཏན་འབེབས་ཡོངས་བསྒྲགས་བྱས་ཏེ་ཟླ་2ཚེས་8ཉིན་ནི་ཁྲའོ་ཞན་མི་དམངས་དམག་གི་དམག་འཛུགས་དུས་ཆེན་ལ་གཏན་འཁེལ་བྱས་པ་རེད།
         འཕྲིན་སྤེལ་ནང་། 1948ལོའི་ཟླ་2ཚེས་8ཉིན་ནི་ཁྲའོ་ཞན་མི་དམངས་དམག་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པའི་ཉིན་མོ་ཡིན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཆབ་སྲིད་ཅུས་ཀྱིས་ཁྲའོ་ཞན་མི་དམངས་དམག་གི་སྲོལ་གཏོད་པ་དང་འཛུགས་མཁན་ཅིན་རེ་ཁྲེང་གི་གསར་བརྗེའི་ལས་རྗེས་དར་སྤེལ་ཧུར་ཐག་གཏོང་ཆེད་གོང་གསལ་གྱི་གཏན་འབེབས་བཏོན་ཡོད་ཅེས་འཁོད་ཡོད།
         དེ་གོང་ཁྲའོ་ཞན་གྱིས་1932ལོའི་ཟླ་4ཚེས་25ཉིན་ཅིན་རེ་ཁྲེང་གིས་ཁྲའོ་ཞན་མི་དམངས་དམག་བཙུགས་པའི་ཉིན་མོར་བརྩི་ཡི་ཡོད་པ་མ་ཟད། ལོ་རེའི་ཟླ་4ཚེས་25ཉིན་དྲན་གསོའི་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།