འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ལེ་ཞི་ཡས་ཀྲུང་ཀོན་ཚུན་གྱི"ཐག་འཁྱུད་འཆར་གཞི"འདྲེན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 12:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་མ་ལེ་ཞི་ཡའི་ཨན་པང་ཇུས་འདོན་ཚོགས་པ་དང་ཀྲུང་ཀོན་ཚུན་གྱི་རྒྱུད་གཅིག་ལམ་གཅིག་ཐོན་ལས་སྐུལ་འདེད་ལྷན་ཚོགས་ཀྱིས་ཁྭ་ལ་ལུམ་ཕུར་དུ་འཐབ་ཇུས་མཉམ་ལས་གྲོས་མཐུན་ཐོག་མིང་རྟགས་བཀོད་པ་དང་ཀྲུང་ཀོན་ཚུན་གྱི“ཐག་འཁྱུད་འཆར་གཞི”མ་ལེ་ཞི་ཡར་འདྲེན་ནས་མ་ལེ་ཞི་ཡའི་སློབ་ཆེན་སློབ་མ་ཀྲུང་ཀོན་ཚུན་དུ་སློབ་སྦྱོང་བྱེད་པར་ཡོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ་རེད།
         གོང་ཚེས་ཉིན་གྱི་མིང་རྟགས་འགོད་པའི་མཛད་སྒོའི་ཐོག ཨན་པང་ཇུས་འདོན་ཚོགས་པའི་དབུ་བཞུགས་འཐུས་མི་ཧུའུ་ལུའུ་མིང་གིས་མིག་སྔར་མ་ཀྲུང་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་སློབ་གསོ་ཚན་རྩལ་མཉམ་ལས་ཉིན་བཞིན་མ་འདས་པར་ཟབ་ཏུ་འགྲོ་བཞིན་ཡོད། “ཐག་འཁྱུད་འཆར་གཞི”འདྲེན་པ་ལས་ས་གནས་དེ་གའི་གཞོན་ནུར་སློབ་སྦྱོང་བྱེད་པའི་གོ་སྐབས་མང་དུ་འགྲོ་རྒྱུ་དང་སློབ་སྦྱོང་རྩལ་ནུས་གསོ་སྦྱོང་བྱ་རྒྱུར་རོགས་རམ་ཐུབ་རྒྱུ་མ་ཟད། ལྷག་པར་དུ་ཀྲུང་གོའི་སྔོན་ཐོན་དྲ་སྦྲེལ་འཕེལ་རྒྱས་ཀྱི་ཉམས་མྱོང་ནས་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།