འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཕྱི་འབྲེལ་པུའི་པུའུ་ཀྲང་གིས་ཨུ་རུ་སུས་མཉམ་སྡེབ་ཀྱི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་
    པ་ལས་ཨ་རིས་གོ་ལ་ཧྲིལ་པོར་འགོ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་22ཉིན། ཉེ་ཆར། ཨུ་རུ་སུའི་ཕྱི་འབྲེལ་པུའི་པུའུ་ཀྲང་ལཱ་ཕུའུ་ལུའོ་ཕུའུ་ཡིས་ཨུ་རུ་སུས་མཉམ་སྡེབ་ཀྱི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་པ་ལས་ཨ་རི་གཅིག་པུས་གོ་ལ་ཧྲིལ་པོར་འགོ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་བཤད་པ་དང་། ཁོང་གིས“དེང་གི་འཛམ་གླིང་དུ་འགོ་ཁྲིད་ནུས་པ་ནི་མཉམ་སྡེབ་རིང་ལུགས་ཁོ་ན་ཡིན་པ”དང་ཨ་རིས“ཁ་གཏད་རང་བཞིན་གྱི་འཐབ་ཇུས་དང་འདུ་ཤེས”ལ་བརྟེན་ནས་རང་ཉིད་ཀྱི་འགོ་ཁྲིད་ནུས་པ་ར་སྤྲོད་བྱེད་བཞིན་ཡོད་པ་དེ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
         ལཱ་ཕུའུ་ལུའོ་ཕུའུ་ཡིས་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་གཉེར་བའི་གསར་འགོད་པའི་ཚོགས་འདུ་ཞིག་གི་ཐོག་ཐེ་རོན་ཕུས་འགོ་ཁྲིད་བྱེད་པའི་ཨ་རིས་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཁག་གཅིག་དང་དེ་བཞིན“གདོང་ཐུག་གི་ས་ཁུལ་གལ་ཆེན”དུ“འགོ་ཁྲིད་ཀྱི་གནས་བབ་ཤོར་བཞིན”ཡོད་ཅེས་བཤད་པ་དང་། ཁོང་གིས་ཐེ་རོན་ཕུས་ཨ་རིའི་ཙུང་ཐུང་གི་འགན་འཁུར་བའི་ལོ་འདིའི་ནང་ཨ་རིའི་ཕྱི་འབྲེལ་སྲིད་ཇུས་སྐབས་གོང་མ་ཁག་གི་སྲིད་གཞུང་དང་ཕྱོགས་འཛོལ་ཆེན་པོ་ཤོར་བ་སྟེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་《ཕ་རི་སིའི་གྲོས་ཆོད་》དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་《གནས་སྤོས་མི་སེར་གནད་དོན་གྱི་གོ་ལ་ཧྲིལ་པོའི་གན་རྒྱ་》བཟོ་བའི་ཁྲོད་ནས་དོན་ཡོད་ཅེས་བཤད།
         ད་དུང་ལཱ་ཕུའུ་ལུའོ་ཕུའུ་ཡིས་ཐེ་རོན་ཕུའི་སྲིད་གཞུང་གིས་རྒྱལ་ཁབ་མང་པོར་རོགས་སྐྱོར་བྱེད་ཚད་དང་མཉམ་འབྲེལ་རྒྱལ་ཚོགས་ལ་ལེགས་སྐྱེས་འབུལ་ཚད་ཉུང་དུ་བཏང་བར་སྐྱོན་བརྗོད་བྱས་ཤིང་། ཁོང་གིས་ཐེ་རོན་ཕུས་ཅེ་རུས་ས་ལེམ་དབྱི་སི་རལ་གྱི་རྒྱལ་སར་ཁས་བླངས་པའི་ཁྱབ་བསྒྲགས་བྱས་པ་མ་ཟད། དབྱི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་ཁང་ཐེ་ལ་ཝུའེ་ཕུའུ་ནས་ཅེ་རུས་ས་ལེམ་དུ་སྤོ་འགོ་ཚུགས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒོལ་གཏམ་དྲག་པོ་བཏང་ཡོད་ཅེས་བཤད།
         ལཱ་ཕུའུ་ལུའོ་ཕུའུ་ཡིས་མི་རྣམས་ལ་རང་ཉིད་ཀྱི་མཇུག་བསྡོམས་རེ་ཡོང་སྲིད་པ་སྟེ། ཨ་རིའི་བྱེད་སྤྱོད་རྣམས་ཁོང་ཚོ་རང་ཉིད་ཀྱི་ཁེ་ཕན་དང་མཐུན་མིན་དེ་རེད། “ང་ཚོས་གནད་དོན་ཐམས་ཅད་མཉམ་དུ་ཐག་གཅོད་བྱེད་པར་ཡི་རངས་ཞུ་ཡི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།