འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ"ཚོགས་ཆེན་གཉིས"འཚོགས་དུས་སླེབས་པས་བྱེད་ཐབས་18ཀྱིས་སྲོལ་བཟང་
    སྤྱོད་གཙང་ཡོང་བར་འགན་ལེན་ཏན་ཏིག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་26ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་23ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་དང་། ཟླ་1ཚེས་24ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་ཡང་འགོ་ཚུགས་པ་རེད།
         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཧན་ལེ་ཡིས་ཟླ་1ཚེས་21ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་ནས་ཚོགས་འདུ་འཚོག་སྲོལ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུའི་བླང་བྱ་ལག་ལེན་མཐར་ཕྱིན་ནན་ཏན་བསྟར་ཆེད། ཚོགས་འདུ་འཚོག་སྲོལ་དང་ཚོགས་འདུའི་སྒྲིག་ཁྲིམས་ལྟ་སྐུལ་ཚོགས་ཆུང་གསར་དུ་བཙུགས་པ་དང་། ཚོགས་འདུ་འཚོག་སྲོལ་དང་ཚོགས་འདུའི་སྒྲིག་ཁྲིམས་ལེགས་བཅོས་བྱེད་རྒྱུའི་བྱེད་ཐབས་ཞིབ་ཕྲ་དོན་ཚན་18བཟོས་ནས་ཚོགས་འདུ་འཚོག་སྲོལ་དང་ཚོགས་འདུའི་སྒྲིག་ཁྲིམས་ནན་སྲུང་དང་འདེམས་བསྐོའི་སྒྲིག་ཁྲིམས་ནན་སྲུང་སྔར་ལས་ལྷག་པར་བྱས་ཏེ་སྲོལ་བཟང་སྤྱོད་གཙང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བཤད་པ་རེད།
         ཧན་ལེ་ཡིས་ངོ་སྤྲོད་བྱས་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་བཅའ་ཁྲིམས་གསར་པའི་གཏན་འབེབས་ལ་གཞིགས་ནས་གསར་དུ་བཙུགས་པའི་ཆུས་དང་གྲོང་ཁྱེར་ཁག་གི་མི་འབོར་གྱི་གྲངས་ཀ་དང་། ས་ཁོངས་ཀྱི་རྒྱ་ཁྱོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་བཅས་དང་དེ་བཞིན་ཁྲིམས་འཛུགས་ཀྱི་དགོས་འདུན་དང་ཁྲིམས་འཛུགས་ནུས་པ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་གསར་དུ་བཙུགས་པའི་ཆུས་དང་གྲོང་ཁྱེར་གྱིས་ཁྲིམས་འཛུགས་དབང་ཆ་བེད་སྤྱོད་བྱས་ཚུལ་ལ་དཔྱད་དཔོག་ནན་ཏན་བྱས་པ་རེད། དེང་སྐབས་བོད་ལྗོངས་ཀྱི་གྲོང་ཁྱེར་རིམ་པའི་ས་གནས་རྒྱལ་ཁབ་དབང་ཆའི་ལས་ཁུངས་5ཟིན་པ་དང་། ས་གནས་སྲིད་དབང་འཛུགས་སྐྲུན་ཐད་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཡོད་ཅེས་བརྗོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན་། ད་རེས་ཀྱི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་439ནང་གཞི་རིམ་གྱི་མདུན་ཕྱོགས་ཀྱི་འཐུས་མི་166ཡོད་ཅིང་37.81%ཟིན་པ་དང་། གྲངས་ཉུང་མི་རིགས་ཀྱི་འཐུས་མི་289ཡོད་ཅིང་65.83%ཟིན་པ། བུད་མེད་ཀྱི་འཐུས་མི་120ཡོད་ཅིང་27.33%ཟིན་ཡོད། དེ་དང་དུས་མཚུངས་སུ། གསར་བརྗེ་པའི་རྗེས་རབས་དང་། རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་ཟླ། ལམ་བཞི་ནས་བོད་དུ་བསྐྱོད་པའི་བློ་མཐུན་རྒན་གྲས། སྤྱི་ལ་དབང་བ་མིན་པའི་དཔལ་འབྱོར་མི་སྣ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར་སོགས་ཀྱང་བཀོད་སྒྲིག་འོས་འཚམས་བྱས་པ་རེད།
          ད་རེས་ཀྱི་ཚོགས་ཆེན་ཐོག་ད་དུང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་བཅས་འདེམས་བསྐོ་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།