འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་མའི་ནུབ་ངོས་མཚོ་ཁོངས་སུ་ཀྲུང་གོའི་ཉ་གྲུ་ཡིན་པར་དོགས་པའི་གྲུ་ཞིག་མགོ་
    མཇུག་ལོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་ལྷོ་མའི་ནུབ་ངོས་མཚོ་ཁོངས་སུ་ཀྲུང་གོའི་ཉ་གྲུ་ཡིན་པར་དོགས་པའི་གྲུ་ཞིག་མགོ་
མཇུག་ལོག་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན། ཁོ་རེ་ཡ་ལྷོ་མར་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་དོན་གཅོད་ཁང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། ཁོ་རེ་ཡ་ལྷོ་མས་སྤེལ་བའི་གསར་འགྱུར་གྱི་གནས་འཕྲིན་ལ་གཞིགས་ན། ཉིན་དེར་ལྷོ་ཁོ་རེ་ཡའི་ནུབ་ངོས་མཚོ་ཁོངས་སུ་ཉ་གྲུ་ཞིག་མགོ་མཇུག་ལོག་ནས་ཡོད་པ་དང་དེ་ནི་ཀྲུང་གོའི་ཉ་གྲུ་ཡིན་དོགས་ཡོད་པ་རེད། ད་ལྟ་རྐྱེན་ལམ་དུ་ཤོར་བའི་མི་གསུམ་གྱི་བེམ་རོ་རྙེད་ཡོད་པ་དང་། ད་དུང་གྲུ་འདི་རྒྱལ་ཁབ་གང་གི་ཡིན་པ་ཤེས་མེད་པ་བསྟན་པ་རེད།
         ཁོ་རེ་ཡ་ལྷོ་མར་བཅའ་སྡོད་བྱས་པའི་ཀྲུང་གོའི་དོན་གཅོད་ཁང་གིས། ཁོ་རེ་ཡ་ལྷོ་མའི་མཚོ་ཁོངས་ཀྱི་ཉེན་རྟོག་པའི་བརྡ་ཁྱབ་ལ་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་གྱི་ཆུ་ཚོད་ཀླད་སྐོར་(པེ་ཅིང་དུས་ཚོད་ཚེས་20ཉིན་གྱི་ཆུ་ཚོད་23)ཡས་མས་སུ་ཁོ་རེ་ཡ་ལྷོ་མའི་རིན་ཁྲོན་ལིན་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་སུ་མགོ་མཇུག་ལོག་པའི་གྲུ་ཞིག་རྙེད་པ་དང་། དེ་ནི་ཀྲུང་གོའི་ཉ་གྲུ་ཡིན་དོགས་ཡོད་པ་དང་། གྲུ་གཟིངས་ནང་དུ་ཆུ་80%སིམས་ཡོད་ཅིང་། གྲུའི་མཇུག་མཐའ་མཚོ་ངོས་ལས་སྨི་1ཙམ་ཐོན་ཡོད་པ་རེད། ད་ཆར། ཉ་གྲུ་འདི་རྒྱལ་ཁབ་གང་གི་ཡིན་པ་དང་རྐྱེན་ལམ་དུ་ཤོར་བའི་མི་3གྱི་ཐོབ་ཐང་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།