འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་ལུས་རྩལ་ར་བ་རུ་ལག་གདང་སྦྲེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་ལུས་རྩལ་ར་བ་རུ་ལག་གདང་སྦྲེལ་བ།
         མི་དམངས་དྲ་བའི་འཕྲིན། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཟླ་དང་པོའི་ཚེས་20ཉིན་སུའེ་ཙེར་ལུའོ་སང་སྤྱི་ཁྱབ་པུའུ་ཡིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁོ་རེ་ཡ་བྱང་མའི་ལུས་རྩལ་པ་22མ་འགྱངས་པར་འགོ་ཚུགས་རྒྱུ་ཡིན་པའི་ཁོ་རེ་ཡ་ལྷོ་མའི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་ཡིན་པ་དང་། ཁོ་རེ་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མ་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་པས་འགོ་ཚུགས་མཛད་སྒོའི་ཐོག"ཁོ་རེ་ཡ་བྱང་མའི་དར་ཆ"མཉམ་དུ་ཚོགས་རར་བསྒྲེང་རྒྱུ་ཡིན་པ་དང་། དུས་མཉམ་དུ་བུད་མེད་ཀྱི་འཁྱགས་འདྲེད་སྤོ་ལོའི་རྣམ་གྲངས་ཐོག་ཏུ་འགྲན་ཞུགས་པ་མཉམ་འབྲེལ་བྱ་རྒྱུ་ཡིན་པ་རེད།
         ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཏུ་ཁོ་རེ་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱི་ལུས་རྩལ་པ་མཉམ་དུ་ཚོགས་རར་ཡོང་བ་ནི་2006ལོའི་ཏུའུ་ལིན་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་སུ་སླར་ཡང་ལག་གདང་སྦྲེལ་བའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ཤིག་ཡིན་པ་རེད། གཞན་ཡང་། ཁོ་ར་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱི་ལོ་རྒྱུས་ཐོག་ཏུ་སྔོན་ཆད་ལུས་རྩལ་འགྲན་ཚོགས་སུ་ལྷན་ཞུགས་བྱས་པ་ཐེངས་མང་བྱུང་མྱོང་བ་དང་། འདིས་སྔོན་བྱུང་གི་འབྲེལ་བ་ཡག་པོ་འགྱུར་བའི་གོ་སྐབས་བསྐྲུན་ཡོད་པ་རེད། གོང་གི་པར་རིས་ནི་2004ལོའི་ཟླ་813ཉིན། ཁོ་རེ་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མའི་ལུས་རྩལ་འཐུས་ཚབ་པ་ཚོ་ཡིན་པ་རེད། 
    འདི་ནི་2003ལོའི་ཟླ་8ཚེས་21ཉིན་ལུས་རྩལ་འགྲན་ཚོགས་སུ་ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་ལུས་རྩལ་འཐུས་ཚབ་པ་ཡིན་པ།
    འདི་ནི་2003ལོའི་ཟླ་8ཚེས་21ཉིན་ལུས་རྩལ་འགྲན་ཚོགས་སུ་ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་ལུས་རྩལ་འཐུས་ཚབ་པ་ཡིན་པ།

      

    ཕྱོགས་བསྡུས་གསར་འགྱུར།