འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས"འཕུར་མདའ་གཅིག་གིས་སྲུང་སྐར་དྲུག"བདེ་བླག་ངང་འཕེན་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་19ཉིན་གྱི་ཆུ་ཚོད་12དང་སྐར་མ་12ཐོག་རང་རྒྱལ་གྱི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་བཅུ་གཅིག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ“འཕུར་མདའ་གཅིག་གིས་སྲུང་སྐར་དྲུག”འཕེན་ཐབས་ལ་བརྟེན་ནས་ཅི་ལིན་ཨང་དང་པོ་རྟགས་ཅན་གྱི་བརྙན་ལམ་སྲུང་སྐར་ཨང་07དང་། སྲུང་སྐར་08 སྲུང་སྐར་ཆུང་ངུ་བཞི་བཅས་བདེ་བླག་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་འབྲེལ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་སླེབས་པ་རེད། དེ་ནི་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ལག་བསྟར་བྱས་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་འཕེན་གཏོང་ལས་འགན་ཐེངས་100དེ་ཡིན་པ་རེད།
          ཅི་ལིན་ཨང་དང་པོ་རྟགས་ཅན་གྱི་བརྙན་ལམ་སྲུང་སྐར་07པར“ཏེ་ཆིང་ཨང་དང་པོ”ཞེས་བརྗོད། སྲུང་སྐར་དེ་འཁོར་ལམ་ཐོག་སླེབས་རྗེས་དེ་གོང་འཕེན་གཏོང་བྱས་པའི་ཅི་ལིན་ཨང་དང་པོ་རྟགས་ཅན་གྱི་སྲུང་སྐར་8དང་མཉམ་དུ་དྲ་བ་གྲུབ་ནས་སྲིད་གཞུང་སྡེ་ཚན་དང་ལས་རིགས་ཀྱི་སྤྱོད་མཁན་སོགས་ལ་རྒྱང་ཚོར་གྱི་གྲངས་གཞི་དང་ཐོན་ཚད་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
          ད་ཐེངས་འཕེན་གཏོང་བྱས་པ་ནི་རང་རྒྱལ་གྱི་སྲ་གཟུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདས་རྒྱལ་སྤྱིའི་འཛད་སྤྱོད་མཁན་ལ་འཕེན་གཏོང་ཞབས་ཞུ་མཁོ་འདོན་ཐོག་མར་བྱས་པ་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།