འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གཅེས་སུ་འོས་པའི་ཁོར་ཡུག་སྲུང་སྐྱོང་མི་སྣ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་22ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན། 2017ལོའི་གཅེས་སུ་འོས་པའི་ཁོར་ཡུག་སྲུང་སྐྱོང་མཁན་ལ་གུས་འདུད་ཞུ་ཞེས་པའི་བྱེད་སྒོ་སྤེལ་བའི་ཐོག་ནས་མི་མང་པོ་ཞིག་གིས་གཞི་རིམ་གྱི་ཁོར་ཡུག་སྲུང་སྐྱོང་མཁན་ལ་ཆ་རྒྱུས་བྱུང་ཡོད་པ་རེད། ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་ཚགས་པར་དང་། ཀྲུང་གོའི་ཁོར་ཡུག་སྲུང་སྐྱོང་དྲ་སྦྲེལ་གྱིས་གཙོ་གཉེར་བྱས་པའི"ཞིང་ཁམས་གཙང་བཅོས་ནུས་པའི་2017ལོའི་གཅེས་འོས་གཞི་རིམ་ཁོར་ཡུག་སྲུང་སྐྱོང་མཁན་ལ་གུས་འདུད་ཞུ"ཞེས་པའི་བྱེད་སྒོ་དེ་ན་ནིང་འཛམ་གླིང་ཁོར་ཡུག་སྲུང་སྐྱོང་ཉིན་མོར་འགོ་ཚུགས་པ་ནས་བཟུང་། ཁོར་ཡུག་སྲུང་སྐྱོང་གི་ལས་ཀའི་ནང་དུ་རྒྱ་ཆེའི་ངང་དོ་སྣང་བྱས་ཡོད་པ་རེད། ཚེས་21ཉིན"གཅེས་པར་འོས་པའི་གཞི་རིམ་གྱི་ཁོར་ཡུག་སྲུང་སྐྱོང་མཁན"དུ་ཧོ་ནན་མིང་ཆན་རྫོང་ཁོར་ཡུག་སྲུང་སྐྱོང་ཅུད་ཀྱི་ཏིང་ཧྲི་དབྱི་སོགས་བློ་མཐུན་10ཡོད་པ་དང་། ཁོང་ཚོས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་ལོ་ངོ་10ཙམ་བྱས་མྱོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།