འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ལ་མི་རིགས་མང་
    པོའི་ཁྱད་ཆོས་བསྡུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་སུ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ལ་མི་རིགས་མང་
པོའི་ཁྱད་ཆོས་བསྡུས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་18ཉིན། ད་ལོའི་བོད་ལྗོངས་ཀྱི་དཔྱིད་གསར་དུས་ཆེན་མཉམ་སྤྲོའི་དགོང་ཚོགས་ལ་མཉམ་འདྲེས་དགོས་པའི་ནན་བཤད་བྱས་ཡོད། 2018ལོའི་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་ཀྱི་སྤྱིའི་འཁྲབ་ཁྲིད་པ་ཀྲའོ་ཅུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་ནས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་བོད་ཀྱི་ལོ་གསར་མཚན་ཚོགས་གཙོ་བོ་རྒྱ་རིགས། བོད་རིགས་སོགས་མི་རིགས་མང་པོ་མཉམ་འདྲེས་ཀྱི་ཁྱད་ཆོས་ལྡན་པར་བྱ་རྒྱུ་རེད་གསུངས་པ་རེད།
         2018ལོར་བོད་ཀྱི་ས་ཁྱི་ལོའི་ལོ་གསར་དང་ལུགས་རྙིང་ལོའི་ལོ་གསར་གཉིས་ཏག་ཏག་དུས་གཅིག་ཏུ་འཁེལ་ཡོད་པ་རེད། ཀྲའོ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མཚན་ཚོགས་ནང་སྐད་རིགས་ལེན་ཚན་12དང་། རོལ་དབྱངས་དང་ཞབས་བྲོའི་རིགས་ཀྱི་ལེ་ཚན་33ཡོད་པ་ལས་གཅིག་ནས་བོད་ལྗོངས་ཀྱི་མང་ཚོགས་རྣམས་དུས་ཆེན་ལ་རོལ་བའི་རྣམ་པ་དང་། ཐུན་མོང་མ་ཡིན་པའི་རིག་གནས་རྒྱུན་འཛིན་མངོན་ཐུབ་ལ། གཉིས་ནས་མི་རིགས་གཞན་གྱི་གོམས་སྲོལ་ཡང་མཉམ་དུ་འདྲེས་ཡོད་པ་རེད། "ཅའོ་ཙི་ཟས་ཆོག་ལ། དགུ་ཐུག་ཀྱང་འཐུང་ཆོག་པ་རེད"གསུངས་ཡོད་པ་རེད། 
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།བོད་ལྗོངས་སུ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ལ་མི་རིགས་མང་
པོའི་ཁྱད་ཆོས་བསྡུས་པ།
      

    ཕྱོགས་བསྡུས་གསར་འགྱུར།