འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བྲག་ཞུན་གྱི་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་ཕྱིར་གཏོང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀུང་སི་དེའི་མངའ་འོག་གི་མཚོ་སྔོན་ཚྭ་མཚེའུ་ཟེ་སྐྱུར་ཚྭ་ལས་མ་རྐང་ཚད་ཡོད་ཀུང་སིས་2017ལོའི་ལོ་མཇུག་ཏུ་སི་ཕེན་སའེ་ནེང་(Sener)ཚོགས་པར་ཕྱིར་གཏོང་བྱས་པའི་བྲག་ཞུན་གྱི་ཐོན་རྫས་ཐོག་མ་མིག་སྔར་སའེ་ནེང་ཚོགས་པའི་ཨ་ཧྥེ་རི་ཁའི་འོད་ཚའི་རྣམ་གྲངས་རྟེན་གཞིར་ཁག་ཐེངས་དབྱེ་ནས་འབྱོར་ཡོད་པ་རེད།
         ལས་གཉེར་མི་སྣས་དེ་ནི་རང་རྒྱལ་གྱི་བྲག་ཞུན་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་གཏོང་ཐེངས་དང་པོ་ཡིན་པས། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་ཐོན་ལས་དང་བྲག་ཞུན་གྱི་ནུས་གསོག་ལག་རྩལ་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།