འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་2020ལོ་བར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་དྲ་ཚིགས་ཐོག་ཕྱི་ཕྱོགས་ལ་《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་》ཁྱབ་བསྒྲགས་བྱས་ནས་2020ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
         གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟ་དེ་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟ་དང་པོ་དེ་ཡིན་ཞིང་། འཆར་འགོད་ནང་ཉེ་དུས་ཀྱི་དམིགས་ཚད་ནི་2020ལོར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་བསྐྲུན་རྒྱུ་དང་། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཕྱོགས་ཡོངས་ནས་འཛུགས་རྒྱུ། ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས་གཙོ་བོར་འགྱུར་རྒྱུ། མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་སླར་གསོའི་དཔེ་སྟོན་ཁུལ་དང་། མཉམ་སྐྲུན་མཉམ་སྤྱོད་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཁུལ། མཚོ་བོད་ས་མཐོའི་རང་བྱུང་ཁམས་སྲུང་སྐྱོང་མངོན་པ་དང་སྣོད་བཅུད་རིག་གནས་རྒྱུན་འཛིན་ཁུལ་བཅས་རྩ་བའི་ཆ་ནས་བསྐྲུན་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
         འཆར་འགོད་ནང་དུས་འབྲིང་གི་དམིགས་ཚད་ནི་2025ལོར་སླེབས་སྐབས་སྲུང་སྐྱོང་དང་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་ཡོངས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས་དང་རི་ཀླུང་ནགས་མཚེའུ་རྩྭ་ཐང་བཅས་སྣོད་བཅུད་འཁོར་རྒྱུག་བཟང་པོ་ཆགས་རྒྱུ་དང་དམིགས་བསལ་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་གི་ཞབས་འདེགས་དང་། དོ་དམ། ཚན་ཞིབ་བཅས་ཀྱི་མ་ལག་ཆགས་པར་བྱས་ནས་སྣོད་བཅུད་རིག་གནས་འཕེལ་རྒྱས་གཏོང་རྒྱུ་དེ་རེད། རྒྱང་རིང་གི་དམིགས་ཚད་ནི་2035ལོར་སླེབས་སྐབས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དེ་སྣོད་བཅུད་སྲུང་སྐྱོང་གི་དཔེ་སྟོན་དང་། སྒྲིག་སྲོལ་ལམ་སྲོལ་གསར་གཏོད་ཀྱི་དཔེ་སྟོན། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་བཅས་སུ་འགྱུར་བ་བྱས་ཏེ་དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་བསྐྲུན་རྒྱུ་རེད།
         འཆར་འགོད་ནང་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དེ་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་ནས“ཅིའུ་ལུང་ཆུ་བཅོས”སྒྲིག་སྲོལ་ལམ་སྲོལ་གྱི་འཁོར་རྒྱ་ལས་སྒྲོལ་རྒྱུ་དང་། ཆེས་ནན་ཤོས་ཀྱི་སྣོད་བཅུད་སྲུང་སྐྱོང་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུ། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཚོས་ཕྱོགས་ཡོངས་འཕེལ་རྒྱས་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཆགས་རྒྱུ་བཅས་ལ་ཕན་ཐོགས་ཡོད་ལུགས་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།