འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སློབ་ཆུང་སློབ་མར་སྲོལ་རྒྱུན་གྱི་ཡིག་གཟུགས་སྦྱོང་སྟངས་སླར་གསོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱི་སློབ་ཆུང་སློབ་མར་སྲོལ་རྒྱུན་གྱི་ཡིག་གཟུགས་སྦྱོང་སྟངས་སླར་གསོ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན། "ད་ལྟ་བོད་ལྗོངས་ཀྱི་སློབ་ཆུང་སློབ་མ་སྦྱངས་ཤིང་སྟེང་དུ་བོད་ཡིག་ཡིག་གཟུངས་སྦྱོང་མཁན་མངོན་གསལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།" བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་སྡོད་ཀྲུའུ་ཞི་གཞོན་པ་མཛུབ་སྨྱོན་ལྷག་པ་ཚེ་རིང་ལགས་ཀྱིས། རྒྱུན་སྲོལ་གྱི་ཡིག་གཟུགས་སྦྱོང་སྟངས་ལྟར་བྲིས་ན། བོད་ཡིག་ཡིག་གཟུགས་བྲིས་རིགས་དེ་བས་གྲ་འགྲིག་པོ་ཡོང་གི་རེད་ཅེས་གསུངས། 
         སྦྱང་ཤིང་ནི་བོད་རིགས་མང་ཚོགས་ཀྱིས་རྒྱུན་སྲོལ་གྱི་བོད་ཡིག་ཡིག་གཟུགས་སྦྱོང་བྱེད་ཡོ་བྱད་ཅིག་ཡིན་ཏེ། རྒྱུ་ཆ་མང་ཆེ་བ་སྟར་ཀ་ཤིང་དང་སྟག་པ་ཤིང་ཡིན་ལ། ཉེ་བའི་ལོ་བཅུའི་རིང་། བོད་རིགས་སློབ་ཆུང་སློབ་མར་སྦྱང་ཤིང་སྟེང་ཡིག་གཟུགས་སྦྱོང་བའི་སློབ་ཚན་ཚུགས་ནས། ཤོག་བུའི་ཐོག་བོད་ཡིག་ཡིག་གཟུགས་སྦྱོངབའི་ཚབ་བྱེད་པ་རེད།
         "ཤོག་བུ་ཅུང་འཇམ་ཤས་ཆེ་བས་ཕྲུ་གུ་ཚོས་ཤོག་བུའི་སྟེང་འབྲི་སྦྱོང་བྱས་ཚེ་བོད་ཡིག་གཟུགས་འགྱུར་སླ་པོ་ཡོད་པ་རེད" བོད་ཡིག་ཡིག་གཟུགས་དགེ་རྒན་ཟླ་བ་རྡོ་རྗེ་ལགས་ཀྱིས། སྦྱང་ཤིང་དང་ཤོག་བུའི་སྤུས་ཀའི་ཁྱད་པར་ལ"གཅིག་ནི་ས་ཞིང་གི་སྟེང་དུ་འགྲོ་བ་དང་། གཅིག་ནི་འཁྱགས་པའི་ཐོག་དུ་འགྲོ་བ་བཞིན་རེད"ཅེས་དཔེ་བཞག་ནས་གསུངས་ཡོད་པ་རེད།
         ཁོང་གིས། 2015ལོར་སློབ་མ་5ལས་བསྡུ་ཐུབ་མེད་པ་ནས། ད་ཆ་བོད་ཡིག་ཡིག་གཟུགས་འཛིན་གྲྭར་སློབ་མ་100ལྷག་ཙམ་མང་དུ་སོང་བ་དང་། ཟླ་བ་རྡོ་རྗེའི་རྒྱུན་སྲོལ་གྱི་བོད་ཡིག་ཡིག་གཟུགས་སྦྱོང་སྟངས་ལ་སློབ་མའི་ཁྱིམ་བདག་མི་ཉུང་བ་ཞིག་གིས་གདེངས་འཇོག་ཐོབ་ཡོད། སྦྱང་ཤིང་སྟེང་བོད་ཡིག་ཡིག་གཟུགས་འབྲི་སྦྱོང་བྱས་ཚེ་ཕྲུ་གུའི་མཁྲིག་མ་དང་མཐེ་བོང་གི་ཤུགས་སྦྱོང་བརྡར་བྱས་ཆོག་པ་རེད་ཅེས་གསུངས་ཡོད་པ་རེད།
         མཛུབ་སྨྱོན་ལྷག་པ་ཚེ་རིང་ལགས་ཀྱིས། "སྦྱང་ཤིང་ཐོག་སྦྱོང་བརྡར་བྱས་ནས་བྲིས་པའི་བོད་ཡིག་ཡིག་གཟུགས་ཅུང་གྲལ་སྒྲིག་པོ་ཡོད་དེ། མིག་བལྟས་པ་ཙམ་གྱིས་ཤེས་ཀྱི་རེད"ཅེས་གསུངས། ཉེ་བའི་ལོ་གཉིས་ནང་བོད་ལྗོངས་ཀྱི་སློབ་ཆུང་མང་པོས་བོད་ཡིག་ཡིག་གཟུགས་སློབ་ཚན་བཙུགས་པ་དང་། གཞན་ཡང་། ཁོང་གི་ཉེ་འགྲམ་དུ། སྲོལ་རྒྱུན་གྱི་བོད་ཡིག་ཡིག་གཟུགས་སྦྱོང་བར་དགའ་པོ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།
         ཤུགས་རྐྱེན་དེའི་དབང་གིས། སྦྱང་ཤིང་ཉོ་ཚོང་གི་མངག་ཐོའི་ཚད་མྱུར་དུ་འཕར་འགོ་ཚུགས། སྦྱང་ཤིང་བཟོ་མཁན་འབྱོར་ལེགས་ལགས་ཀྱིས། "ལོ་གསུམ་གོང་ལ་རྩ་བའི་ཆ་ནས་སྦྱང་ཤིང་ཉོ་མཁན་མེད། 2016ལོར་ཚོང་ཡག་དུ་འགྲོ་འགོ་ཚུགས་ནས་སྦྱང་ཤིང་ཁྲི་གཅིག་ལྷག་ཙམ་བཙོངས་པ་དང་། 2017ལོར་སྦྱང་ཤིང་ཁྲི་གཉིས་ལྷག་ཙམ་ལས་བརྒལ་བ་རེད། མངགས་ཉོ་བྱེད་མཁན་མང་ཆེ་བ་སློབ་ཆུང་གི་སློབ་མ་དང་ཁྱིམ་བདག་ཡིན་རེད"ཅེས་གསུངས་ཡོད་པ་རེད།
    ༄༅།།བོད་ལྗོངས་ཀྱི་སློབ་ཆུང་སློབ་མར་སྲོལ་རྒྱུན་གྱི་ཡིག་གཟུགས་སྦྱོང་སྟངས་སླར་གསོ་བྱས་པ།
    ༄༅།།བོད་ལྗོངས་ཀྱི་སློབ་ཆུང་སློབ་མར་སྲོལ་རྒྱུན་གྱི་ཡིག་གཟུགས་སྦྱོང་སྟངས་སླར་གསོ་བྱས་པ།
    ༄༅།།བོད་ལྗོངས་ཀྱི་སློབ་ཆུང་སློབ་མར་སྲོལ་རྒྱུན་གྱི་ཡིག་གཟུགས་སྦྱོང་སྟངས་སླར་གསོ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།