འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་ཁོ་རེ་ཡ་བྱང་མའི་གནད་དོན་ཐད་རྒྱལ་ཁབ་མང་པོའི་ཕྱི་འབྲེལ་དཔོན་པོའི་ཚོགས་
    འདུ་འཚོགས་པར་ཁོ་རེ་ཡ་བྱང་མས་ཁ་བརྡུང་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན། ཨ་རིས་ཉེ་ཆར་ཁ་ན་ཏའི་ཝུན་ཀེ་ཧྭ་རུ་ཁོ་རེ་ཡ་བྱང་མའི་གནད་དོན་ཐད་རྒྱལ་ཁབ་མང་པོའི་ཕྱི་འབྲེལ་བ་ལྷན་འཇོམས་ཚོགས་འདུ་འཚོགས་པར་ཁོ་རེ་ཡ་བྱང་མའི་ཕྱི་འབྲེལ་ཨ་རི་ཞིབ་འཇུག་ཁང་གི་གཏམ་བཤད་པས་དེ་ནི་མིག་སྔའི་ཁོ་རེ་ཡ་ཕྱེད་གླིང་གི་ཞི་བའི་རྣམ་པ་ཆགས་པར་རྫིག་རྔམ་སྐུལ་པའི་འདོད་ཚུལ་བཟུང་བ་རེད་ཅེས་ཁ་རྡུང་བཏང་བ་རེད།
         ཁོ་རེ་ཡ་བྱང་མའི་གནས་འཕྲིན་ལ་གཞིགས་ན། ཁོ་རེ་ཡ་བྱང་མའི་ཕྱི་འབྲེལ་བ་ཨ་རི་ཞིབ་འཇུག་ཁང་གི་གཏམ་བཤད་པས་ཉིན་དེར་ཁོ་རེ་ཡ་བྱང་མའི་ཀྲུང་དབྱང་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་པའི་སྐབས་སུ། ཨ་རི་དང་ཁ་ན་ཏཱས་ཝུན་ཀ་ཧྭ་རུ་རྒྱལ་ཁབ་མང་པོ་ཞུགས་པའི་གྲོས་ཚོགས་འཚོགས་པ་དང་། དེའི་ཁྲོད་དུ་དུས་རབས་སྔ་མའི་ལོ་རབས་50པར་ཨི་རིའི་རྗེས་སུ་འབྲངས་ནས་ཁོ་རེ་ཡ་བྱང་མར་བཙན་འཛུལ་དམག་འཐབ་བྱེད་མཁན་རྒྱལ་ཁབ་ཚུད་པས། ཚོགས་ཐོག་ཏུ་ཨ་རིའི་རྒྱལ་དོན་བློན་ཆེན་ལ་ཁོ་རེ་ཡ་བྱང་མ་བཙན་གནོན་དང་། ཐ་ན་དམག་དོན་ཐད་ནས་ལག་བསྟར་བྱེད་རྒྱུའི་ལས་དོན་གྱི་གྲོས་ཞིབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཚུལ་བསྟན་པ་རེད།
         གཏམ་བཤད་པས། མིག་སྔའི་འཛམ་གླིང་ཡོངས་ཀྱིས་ཁོ་རེ་ཡ་བྱང་མ་དང་ལྷོ་མ་གཉིས་ཀྱིས་འབྲེལ་བ་ཞི་འཇམ་དང་། ཕྱེད་གླིང་གི་རྣམ་པ་ཞི་འཇམ་ཆགས་པར་དགའ་བསུ་ཞུ་བཞིན་ཡོད། ཡིན་ནའང་། ཨ་རིས་དེ་འདྲའི་རྫིག་རྔམ་སྟོན་ནས། སྔོན་ཆད་ཁོ་རེ་ཡ་བྱང་མར་བཙན་འཛུལ་བྱེད་མྱོང་བའི་རྒྱལ་ཁབ་དག་བསྡུས་ནས་ཁོ་རེ་ཡ་བྱང་མར་བཙན་གནོན་བྱེད་རྒྱུའི་གྲོས་བསྡུར་བྱེད་པ་དང་།   ཁོ་རེ་ཡ་བྱང་མའི་ཕྱེད་གླིང་དུ་དམག་འཐབ་གསར་པ་འབྱུང་བའི་འཆར་གཞི་མཉམ་འདོན་བྱས་པ་རེད། རྒྱལ་སྤྱིའི་ཐོག་ཏུ་རྒྱལ་ཁབ་མང་པོས། གྲོས་ཚོགས་འདིའི་རང་བཞིན་དང་གྲོས་བསྡུར་བྱེད་པའི་ནང་དོན་དེ་ཁོ་རེ་བྱང་མའི་ཞི་འཇམ་གྱི་རྣམ་པར་ཕན་ཐོགས་མེད་པ་མ་ཟད། དེ་ལས་ལྡོག་སྟེ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པ་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།