འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་སྤྱི་ཚོགས་ཀྱི་འགན་སྲུང་གཱ་རབས་གསུམ་པ་ཁྲེན་ཏུའུ་རུ་ཐོག་མར་ཚོད་ལྟ་བྱེད་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་19ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་འགན་སྲུང་གཱ་རབས་གསུམ་པ་འགྲེམས་སྤེལ་བཀོལ་སྤྱོད་ཀྱི་འགོ་ཚུགས་མཛད་སྒོ་ཁྲེན་ཏུའུ་རུ་སྤེལ་བ་རེད། འདི་ནི་རྒྱལ་ཡོངས་སུ་སྤྱི་ཚོགས་འགན་སྲུང་གཱ་རབས་གསུམ་པའི་ལག་རྩལ་ཞིབ་བཤེར་ལས་དོན་ཁག་དང་པོ་དེ་ཡིན་པ་རེད། སྤྱི་ཚོགས་འགན་སྲུང་གཱ་རབས་གཉིས་པ་དང་བསྡུར་ན། གཱ་གསར་པར་ཐུག་རེག་མི་དགོས་པར་ཀློག་པ་དང་བེད་སྤྱོད། མྱུར་རྩིས་རྒྱག་པའི་ནུས་པ་པ་དང་། རྒྱལ་ནང་ནས་ཐོན་པའི་གསང་གྲངས་བརྩི་ཐབས་བེད་སྤྱད་ཡོད་པ་དང་། དྲ་ཐོག་ནས་གཱ་བེད་སྤྱད་ནས་མི་ངོས་འཛིན་ཐུབ་པ་སོགས་ཀྱི་ལག་རྩལ་གསར་པ་བེད་སྤྱད་ཡོད་པས། དེ་ནི་མིག་སྔར་རྒྱལ་ནང་དུ་བདེ་འཇགས་རང་བཞིན་དང་། བེད་སྤྱོད་པའི་ངོས་ནས་ལེགས་ཤོས་དང་རྒྱ་ཆེ་ཤོས་ཀྱི་གློག་རྡུལ་གྱི་གཱ་ཡིན་པ་རེད།
         ཆ་རྒྱུས་བྱུང་བར་གཞིགས་ན། སྤྱི་ཚོགས་འགན་སྲུང་གཱ་རབས་གསུམ་པ་དང་ད་ལྟ་བེད་སྤྱོད་བཞིན་པའི་སྤྱི་ཚོགས་འགན་སྲུང་གཱ་གཉིས་ཀ་སྨན་བཅོས་བྱེད་དུས་སུ་བརྩིས་བརྒྱབ་པ་སོགས་སྤྱི་ཚོགས་ཀྱི་ཞབས་ཞུའི་ཁྱབ་ཁོངས་སུ་བེད་སྤྱོད་ཆོག་པ་རེད། འགན་སྲུང་དུ་ཞུགས་མཁན་མི་སྣའི་གཱ་ལ་སྤྱི་ཚོགས་འགན་སྲུང་གི་ཁྲལ་དང་། ཐོབ་ཆ་ལེན་པ། སྨན་བཅོས་དང་སྨན་ཉོ་བ། ཆ་འཕྲིན་ཞིབ་བཤེར།ས་ཆ་གཞན་པ་ནས་སྨན་བཅོས་བྱེད་རིན་སྤྲོད་པ། ངལ་རྩོལ་བྱེད་ནུས་གསལ་འབྱེད། ལས་ཞུགས་དང་ལས་ཤོར་ཐོ་བཀོད་སོགས་སྤྱི་པའི་ཞབས་ཞུའི་དོན་དག་ཁག་102ཙམ་འདུས་ཡོད་པ་རེད།
         སྤྱི་ཚོགས་ཀྱི་འགན་སྲུང་གཱ་རབས་གསུམ་པ་ལྟེ་ལྷེབ་གཱ་ཡིས། སྟབས་བདེའི་ངང་སྒེར་གྱི་ཆ་འཕྲིན་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་དུས་མཉམ་དུ། དངུལ་ཁང་གི་གཱ་དང་འདྲ་བར་དངུལ་བསགས་ཆོག་པ་དང་། བསྒྱུར་ཆོག་པ། བེད་སྤྱོད་ཀྱང་བྱས་ཆོག་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།