འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་ཉིང་ཞིང་ཆེན་གྱི་དཔལ་འབྱོར་འཁོར་རྒྱུག་རིམ་བཞིན་ལེགས་སུ་སོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་དུས་འཚོགས་པའི་ལེའོ་ཉིང་ཞིང་ཆེན་དཔལ་འབྱོར་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ལེའོ་ཉིང་བཟོ་ལས་ཐོན་སྐྱེད་ཀྱི་ཟླ་33རིང་ལྡོག་འཕར་གྱི་ལོ་རྒྱུས་མཇུག་འགྲིལ་ཞིང་། 2017ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གཉེར་སྐྱོང་གཙོ་བོའི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་20050ཟིན་ནས། 2015ལོ་ཤར་ཚུན་རྒྱུན་མཐུད་ཆག་པའི་ལོ་རྒྱུས་མཇུག་འགྲིལ་ནས་3%ཡས་མས་འཕར་བ་དང་། ཁེ་གཙང་ཡོང་འབབ་སྒོར་དུང་ཕྱུར་968ཟིན་ནས་དུས་མཚུངས་ལས་95%འཕར་བ། 2017ལོར་ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་དང་། གློག་སྤྱོད་ཚད། ཟོག་འདྲེན་བྱེད་ཚད་སོགས་དཔལ་འབྱོར་དམིགས་ཚད་གཙོ་བོ་སྔོན་ཚུད་ལས་ཡག་པོ་ཡོད་པས། ལེའོ་ཉིང་གི་དཔལ་འབྱོར་ཁེ་ལས་ཀྱི་རྨང་གཞི་བརྟན་དུ་དང་རིམ་བཞིན་འཕར་བའི་སྣང་ཚུལ་ཐོན་ནས་དཔལ་འབྱོར་འཁོར་རྒྱུག་རིམ་བཞིན་ལེགས་སུ་ཕྱིན་པ་མཚོན་གྱི་ཡོད།
         2017ལོར། ལེའོ་ཉིང་ཞིང་ཨུད་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱུན་སྲིང་ལྷོད་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི“ཤུགས་སྣོན་བཞི”དང“སྐུལ་འདེད་གསུམ”དོན་འཁྱོལ་བྱས་པ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བྱས་ཡོད། 2017ལོར་ཞིང་ཆེན་ཡོངས་ཀྱི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་2390ཟིན་ནས་8.6%འཕར་བ་དེ་སྔོན་ཚུད་ཀྱི་དམིགས་ཚད་ལས་བརྒྱ་ཆའི་གྲངས་3.6མཐོ་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དགུ་པར་སླེབས་པ་དང་བསྡོམས་འབོར་ཨང་15པར་སླེབས་ཀྱི་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་གྲུབ་ཆ་མུ་མཐུད་ལེགས་སུ་སོང་བ་དང་ཁྲལ་འབབ་ཀྱིས་ནོར་སྲིད་ཡོང་འབབ་ཀྱི་75%བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།