འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ལ་ཨ་རིར་ཁེ་བེད་བདག་ཐོབ་ཐོབ་ཚད་འཕར་མགྱོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རིའི་ཚོང་ལས་ཁེ་བེད་བདག་ཐོབ་གྲངས་གཞིའི་མཛོད་ཀྱིས་སྙན་ཞུ་ཡོངས་བསྒྲགས་བྱས་པ་ལས་མངོན་པར། ཨ་རིའི་ཁེ་བེད་བདག་ཐོབ་ཚོང་རྟགས་ཅུས་ཀྱིས་2017ལོར་ཆོག་མཆན་སྤྲད་པའི་གསར་གཏོད་ཁེ་བེད་བདག་ཐོབ་གྲངས་ཚད་ཁྲི་32ཟིན་ནས་སླར་ཡང་མཐོ་ཚད་གསར་པར་སླེབས་པ་དེ་ལོ་གོང་མའི་དུས་མཚུངས་ལས་5.2%འཕར་ཡོད། དེའི་ནང་ཀྲུང་གོའི་སྐམ་ས་ཆེ་མོའི་ཁེ་ལས་ལ་ཁེ་བེད་བདག་ཐོབ་ཐོབ་ཚད་མང་ཞིང་། ཁེ་བེད་བདག་ཐོབ་ཐོབ་ཚད་ཁྲི་1.1ལྷག་ཙམ་ཟིན་པ་དེ་ལོ་གོང་མ་ལས་28%འཕར་ཡོད་པ་རེད།
         ཁེ་བེད་བདག་ཐོབ་ཀྱི་ཆོག་མཆན་ཐོབ་པའི་ཁྲོད་ཨ་རིའི་ཁེ་ལས་ཀྱིས་46%བཟུང་བ་དང་། ཨེ་ཤེ་ཡའི་ཁེ་ལས་ཀྱིས་31%བཟུང་བ། ཡོ་རོབ་ཀྱི་ཁེ་ལས་ཀྱིས་15%བཟུང་ཡོད་པ་རེད།
         སྙན་ཞུའི་ནང་བརྙན་ཤེལ་དང་ཚོར་སྤྲོད་སྒྲིག་ཆས་བཟོ་མཁན་ཅིང་ཏུང་ཧྥང་ཚན་རྩལ་ཚོགས་པར“ཚད་བརྒལ་ཆེན་པོ”བྱུང་ཞིང་། ཨང་40ནས་ཨང་21དུ་འཕར་བ་དང་ཁེ་བེད་བདག་ཐོབ་1413ཐོབ་པ་དེ་ལོ་གོང་མ་ལས་62%འཕར་ཡོད། ཧྲེན་ཀྲེན་གྲོང་ཁྱེར་ཧྭ་ཤིང་འོད་གློག་ལག་རྩལ་ཚད་ཡོད་ཀུང་སི་ཡང་ཁེ་ལས་ཀྱི་མིང་གྲལ་མདུན་གྱི་ཨང་50ཡི་གྲས་སུ་ཚུད་ཅིང་། ཁེ་བེད་བདག་ཐོབ་708ཐོབ་པ་ལས་ཨང་45རུ་སླེབས་ཡོད་ཅེས་འཁོད་ཡོད་པ་རེད།
         ལག་རྩལ་ཁྱབ་ཁོངས་ནས་བལྟས་ཚེ། རྩིས་འཁོར་དང་། འཕྲིན་གཏོང་། གསོ་རིག་བཅས་ཀྱི་ཁེ་བེད་བདག་ཐོབ་སྔར་མུས་བཞིན་གཙོ་བོ་ཡིན་པ་དང་། གློག་རྡུལ་ཐ་མག་དང་། 3Dཔར་སློག རང་འགུལ་ཁ་ལོ་སྒྱུར་བའི་རླངས་འཁོར་སོགས་ཁྱབ་ཁོངས་ནི་འཕར་མགྱོགས་ཤོས་ཡིན་པ་རེད།
         སྙན་ཞུའི་ནང་ཁེ་བེད་བདག་ཐོབ་ཐོབ་མཁན་ཨང་དང་པོ་ནས་ཨང་ལྔ་བཅུ་པའི་བར་གྱི་ཁེ་ལས་དང་དེ་བཞིན་འབྲེལ་ཡོད་མིང་གྲལ་བསྒྲིགས་པ་ལས་དེང་དུས་ཀྱི་གསར་གཏོད་རང་བཞིན་ཆེ་ཤོས་ལྡན་མཁན་གྱི་ཁེ་ལས་དང་ཞིབ་འཇུག་གསར་སྤེལ་སྒྲིག་གཞིའི་འགྲན་རྩོད་ཀྱི་རྣམ་པ་ཞིག་མངོན་གྱི་ཡོད་ཅེས་འཁོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།