འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སྲོལ་རྒྱུན་ལྷ་མོར་དབུལ་སྒྲོལ་ཕྱུག་འགྱུར་སྐལ་བ་འཕྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ཀྱི་སྲོལ་རྒྱུན་ལྷ་མོར་དབུལ་སྒྲོལ་ཕྱུག་འགྱུར་སྐལ་བ་འཕྲད་པ།
         མི་དམངས་དྲ་བའི་འཕྲིན། ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྲོལ་རྒྱུན་ལྷ་མོར་དབུལ་སྒྲོལ་ཕྱུག་འགྱུར་གྱི་བརྗོད་བྱ་འཕྲད་ནས་འཆར་སྣང་གི་མེ་སྟག་གང་འདྲ་ཞིག་ཐོན་ཡོད་དམ་ཞེ་ན། ཟླ་དང་པོའི་ཚེས་8ཉིན། གསར་དུ་རྩོམ་པའི་དངོས་ཡོད་བརྗོད་བྱའི་ལྷ་མོའི་གར་སྟེགས་ཟློས་གར་《གཟིམ་སྤོས་ལ་བཅངས་པའི་དུང་སེམས་》ཞེས་པ་ལྷ་སར་གཟིགས་འབུལ་འཁྲབ་སྟོན་ཞུས་པ་རེད། འཁྲབ་ཚན་དེ་སྤོས་བཟོའི་རྒྱུན་འཛིན་པ་གཉིས་དང་ཁོ་ཚོའི་བུ་ཕྲུག  དེ་བཞིན"བོད་སྐྱོད་པ་མི་རབས་གཉིས་པ"ཤང་གི་འགོ་འཛིན་ཞིག་བཅས་ལ་དམིགས་ནས་འཁྲབ་ཚན་གྱི་རྒྱུད་རིམ་སྤེལ་ཞིང་། གྲོང་མི་ཚོས་སྤོས་བཟོ་བའི་འབད་པར་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱས་པའི་གཏམ་རྒྱུད་བརྗོད་ཡོད་པ་རེད། པར་རིས་དག་ནི་གསར་དུ་རྩོམ་པའི་དངོས་ཡོད་བརྗོད་བྱའི་ལྷ་མོའི་གར་སྟེགས་ཟློས་གར་《གཟིམ་སྤོས་ལ་བཅངས་པའི་དུང་སེམས་》ཞེས་པ་གཟིགས་འབུལ་གྱི་འཁྲབ་སྟོན་བྱ་ཡུལ་དངོས་རེད།
    ༄༅།།བོད་ཀྱི་སྲོལ་རྒྱུན་ལྷ་མོར་དབུལ་སྒྲོལ་ཕྱུག་འགྱུར་སྐལ་བ་འཕྲད་པ།
    ༄༅།།བོད་ཀྱི་སྲོལ་རྒྱུན་ལྷ་མོར་དབུལ་སྒྲོལ་ཕྱུག་འགྱུར་སྐལ་བ་འཕྲད་པ།
    ༄༅།།བོད་ཀྱི་སྲོལ་རྒྱུན་ལྷ་མོར་དབུལ་སྒྲོལ་ཕྱུག་འགྱུར་སྐལ་བ་འཕྲད་པ།
      

    ཕྱོགས་བསྡུས་གསར་འགྱུར།