འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧེས་ཀྲུང་གོ་མི་དམངས་ལ་ལོ་གསར་གྱི་རྟེན་འབྲེལ་
    ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཐུའོ་མ་སི·པ་ཧེས་སུའེ་ཙེར་གྱི་ལུའོ་སང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་སྤྱི་ཁྱབ་པུའུ་ནས་ཀྲུང་གོ་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་རེད།
         པ་ཧེས་ཀྲུང་གོ་མི་དམངས་དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ་ལོ་གསར་པར་གཡུར་ཟའི་གྲུབ་འབྲས་དང་དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད། དེ་དང་ཆབས་ཅིག་ཁོང་གིས་དུས་ཆེན་རིང་ཀྲུང་གོ་མི་དམངས་ཀྱིས་ཟླ་2ཚེས་19ནས་25ཉིན་བར་ཧན་གོའི་ཕིང་ཁྲང་དུ་གཉེར་རྒྱུའི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་23པར་དོ་ཁུར་དེ་བས་མང་བ་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
         ད་དུང་དེ་ཉིན་པ་ཧེས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་སྤྱི་ཁྱབ་པུའུ་རུ་ཀྲུང་གོའི་རྫ་བཟོས་སྒྱུ་རྩལ་དགེ་རྒན་ཆེ་མོ་བ་ལུའེ་ཅུན་ཅེར་ཀུའུ་པའེ་ཏན་གྱི་གཟེངས་རྟགས་སྤྲད་པ་དང་། རྫ་བཟོས་སྒྱུ་རྩལ་ལས་རིགས་ནང་ལུའེ་ཅུན་ཅེ་གསེར་གྱི་གཟེངས་རྟགས་དེ་ཐོབ་མཁན་སྒྱུ་རྩལ་མཁས་ཅན་ཨང་དང་པོར་གྱུར་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།