འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེས་ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་ལ་སློབ་སྦྱོང་
    བྱེད་རིན་ཡོད་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་15ཉིན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཆེ་མུའུ་ཧེ་ཏན་གྱིས"ཀྲུང་གོ་སྲིད་གཞུང་གི་ཕྱི་རྒྱལ་ལ་རོགས་སྐྱོར་གསོ་སྦྱོང་རྣམ་གྲངས་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སློབ་གྲྭ་གཅིག་པའི་2018ལོའི་ལོ་གསར་གྱི་མཐུན་འབྲེལ་བྱེད་སྒོའི"ཐོག་ཀྲུང་གོས་གོ་ལ་ཧྲིལ་པོ་དང་ལྷག་དོན་དུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁུལ་ལ་ཐེབས་པའི་ཤུགས་རྐྱེན་ཉིན་བཞིན་ཆེ་རུ་འགྲོ་བས། ཀྲུང་གོའི་འཕེལ་རྒྱས་ཉམས་མྱོང་ལ་ཨེ་ཤེ་ཡ་མནའ་འབྲེལ་གྱིས་དེ་བས་དོ་ཁུར་དང་སློབ་སྦྱོང་བྱེད་རིན་ཡོད་ཅེས་བརྗོད།
         མུའུ་ཧེ་ཏན་གྱིས་ཀྲུང་གོ་སྲིད་གཞུང་གི་ཕྱི་རྒྱལ་ལ་རོགས་སྐྱོར་གྱི་གསོ་སྦྱོང་རྣམ་གྲངས་ཀྱིས་་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་ལ་བསྟོད་བསྔགས་གཏོང་རྒྱུ་མ་ཟད་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན་ཞེས་བརྗོད་ཅིང་། ཁོང་གིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སློབ་མ་སྔར་ལས་མང་བས་ཀྲུང་གོ་སྲིད་གཞུང་གི་ཕྱི་རྒྱལ་ལ་རོགས་སྐྱོར་གྱི་གསོ་སྦྱོང་རྣམ་གྲངས་ནང་ཞུགས་ཏེ་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་འབྲེལ་གཏུག་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་མཛེས་སྡུག་ལྡན་པའི་མ་འོངས་གཏོད་རྒྱུའི་རེ་སྒྱུག་བྱ་རྒྱུ་ཡིན་ཞེས་བརྗོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་བར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་ཡོད་སྒྲིག་གཞིས་ཀྲུང་གོར་དུས་ཐུང་གསོ་སྦྱོང་ནང་ཞུགས་རྒྱུར་མངགས་པའི་སློབ་མ་མི་ཐེངས་105ཟིན་པ་དང་། མཐོ་རིམ་སློབ་རྒྱུས་སློབ་གནས་རྣམ་གྲངས་ཀྱི་སློབ་མ་7ཡོད་པ་དང་གསོ་སྦྱོང་གི་བརྗོད་དོན་གཙོ་བོ་སྤྱི་ཁོག་དཔལ་འབྱོར་དང་། ཚོང་དོན། དངུལ་རྩ། གྲོང་ཁྱེར་འཆར་འགོད། འགྲིམ་འགྲུལ། ཡུལ་སྐོར། སློབ་གསོ། ལས་གྲྭ གསར་འགྱུར་སྨྱན་སྦྱོར། དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་མང་དག་ཅིག་དང་འབྲེལ་བ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།