འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་བའི་གྲངས་འབོར་ཆེས་ཆེར་
    འཕར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུས་བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་དུང་ཕྱུར་3.10ཟིན་པའི་ནང་རླངས་འཁོར་དུང་ཕྱུར་2.17ཡོད་པ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དུང་ཕྱུར་3.85ཟིན་པའི་ནང་རླངས་འཁོར་གཏོང་མཁན་ཁ་ལོ་བ་དུང་ཕྱུར་3.42ཡོད་པ་རེད།
         གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་ཁྲི་3352ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་སྦྲགས། འཕྲུལ་སྒུལ་འཁོར་རིགས་ཀྱི་གྲངས་འབོར་མགྱོགས་མྱུར་འཕར་བའི་རྣམ་པ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། 2017ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་དུང་ཕྱུར་3.10ཟིན་ཡོད། 2017ལོར་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ལ་གསར་དུ་ཐོ་འགོད་བྱས་པའི་འཕྲུལ་སྒུལ་འཁོར་རིགས་ཁྲི་3352ཟིན་པའི་ནང་གསར་དུ་ཐོ་འགོད་བྱས་པའི་རླངས་འཁོར་ཁྲི་2813ཟིན་ནས་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
         ནུབ་རྒྱུད་ས་ཁུལ་དུ་འཕྲུལ་སྒུལ་འཁོར་རིགས་ཁྲི་6436ཟིན་ནས་རླངས་འཁོར་གྱི་གྲངས་འབོར་འཕར་ཚད་ས་ཁུལ་གཞན་ལས་མཐོ་བ་ཡོད། 2017ལོར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་དུ་འཕྲུལ་སྒུལ་འཁོར་རིགས་ཁྲི་15544དང་། ཁྲི་9006 ཁྲི་6436བཅས་སོ་སོར་ཟིན་ནས་རྒྱལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་བསྡོམས་འབོར་གྱི་50.17%དང་། 29.06% 20.77%བཅས་སོ་སོར་བཟུང་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།