འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྐལ་བཟང་ཚང་གི་དགུ་ཐུག་དགོང་མོ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 17:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།སྐལ་བཟང་ཚང་གི་དགུ་ཐུག་དགོང་མོ།
         མི་དམངས་དྲ་བའི་འཕྲིན། ཉི་མ་ལ་ཁར་བཞུད་ཞིང་། གྲོང་ཚོའི་ནང་གི་ཁྱིམ་མི་རྣམས་ལས་ལ་བྲེལ་འགོ་ཚུགས་ནས་ནས་སོག་དང་ཐུག་པ་གྲ་སྒྲིག་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་ཕྲུ་གུ་ཚོ་དགའ་པོ་ཆེ་ཤོས་བྱེད་པའི་ཤོག་སྦག་སོགས་གྲ་སྒྲིག་ཀྱང་བྱེད་ཀྱི་ཡོད་པ་རེད།
         སྤྱི་ཟླ་1ཚེས་15ཉིན། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་ནི་གཞིས་ཀ་རྩེ་སོ་ནམ་ལོ་གསར་གྱི་དགུ་ཐུག་དགོང་མོ་ཡིན་པས། གཙང་ཁུལ་གྱི་ཁྱིམ་ཚང་ཚང་མའི་ནང་མི་ཚོ་མཉམ་དུ་འཛོམས་ནས་དགུ་ཐུག་འཐུང་བཞིན་ཅི་འཕྲོས་མོལ་འཕྲོས་བྱེད་ཅིང་གང་སར་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་རྣམ་པས་ཁེངས་ཡོད་པ་རེད།
         རྒྱལ་ལམ་318པའི་ཉེ་འགྲམ་དུ་གནས་པའི་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་སྒོ་ལྕག་གྲོང་ཚོའི་སྐལ་བཟང་ལགས་ཀྱི་བུ་མོ་མིག་དམར་བུ་ཁྲིད་ཀྱིས་ཐུག་པ་བཟོ་བཞིན་ཡོད་པ་དང་། སྲོལ་རྒྱུན་གྱི་གོམས་གཤིས་ལྟར་དགུ་ཐུག་ནང་སེ་པན་དང་སོལ་བ། བལ་སོགས་རྒྱུ་ཆ་རིགས་9བླུགས་པ་རེད། སྐལ་བཟང་ལགས་ཀྱིས"དེ་ནི་སྲོལ་རྒྱུན་གྱི་བཟོ་སྟངས་ཡིན་ལ་རྒྱུ་ཆ་རེ་རེ་ཚང་མར་དེ་མཚུངས་ཀྱི་ཤུགས་བསྟན་གོ་དོན་མཚོན་གྱི་ཡོད་པ་དཔེར་ན། བལ་གྱིས་མི་འདི་གཤིས་ཀ་འཇམ་པོ་ཡིན་པ་མཚོན་གྱི་ཡོད་ཅེས"བཤད་པ་རེད།
         ཡུད་ཙམ་སོང་རྗེས་ཁྱིམ་མི་ཚང་མ་སྤྲོ་སེམས་འཁོལ་ཞིང་མེ་ཐབ་ལ་བསྐོར་ནས་བསྡད་དེ་དགུ་ཐུག་འཐུང་བར་སྒུག་ཡོད། དུས་ཚོད་སྐར་མ་བཅུ་ལྷག་ཙམ་སོང་རྗེས། མིག་དམར་བུ་ཁྲིད་ཀྱིས་མི་རེ་རེར་དགུ་ཐུག་ཕོར་པ་གང་བླུགས་ནས་ཁྱིམ་མི་ཚང་མ་ཀུ་རེ་བྱེད་པའི་སྒོ་ནས་དགུ་ཐུག་འཐུང་གི་ཡོད། མི་སུ་ལ་སེ་པན་དོན་པའམ། ཡང་ན་བལ་སོགས་དོན་པའི་སྐབས་སུ་ཁང་པའི་ནང་དགོད་སྒྲས་ཁེངས་བཞིན་ཡོད་པ་རེད།
         སྐལ་བཟང་ལགས་ཀྱིས"དགུ་ཐུག་གི་དགོང་མོ་ནི་ནང་མི་ཚང་མ་མཉམ་དུ་འཛོམས་པའི་དུས་རེད། ཕྱི་ཕྱོགས་སུ་ལས་གཉེར་བྱེད་པར་འགྲོ་མཁན་ཚང་མ་དུས་འདིར་ལོག་ཡོང་ནས་ཁྱིམ་མི་དང་མཉམ་དུ་འཛོམས་ནས་ཕ་མ་སྤུན་མཆེད་ལྷན་འཛོམ་གྱི་བདེ་སྐྱིད་རོལ་བཞིན་ཡོད"ཅེས་བཤད་པ་དང་།  ཁོང་གིས་ད་དུང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ཁོང་ཚོ་ཁང་པ་གསར་པའི་ནང་སྤོས་པ་དང་། ཁྱིམ་དུད་ཀྱི་སྒོ་འགྲམ་དུ་ལས་ཞུགས་བྱེད་ཐུབ་པས། འཚོ་བ་དངོས་འབྲེལ་ཉིན་རེ་ལས་ཉིན་རེར་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅེས་བརྗོད་པ་རེད།
         དགུ་ཐུག་འཐུང་ཟིན་པའི་རྗེས་སྒོ་ཕྱིར་ཤོག་སྦག་གི་སྒྲ་གྲགས་པས། སྐལ་བཟང་ཚང་གིས་ཀྱང་སྲོལ་རྒྱུན་གྱི"གླུད་བརྫངས་པའི"བྱེད་སྒོ་སྤེལ་ཞིང་། སྐལ་བཟང་ལགས་ཀྱིས་ལག་ཏུ་དཔལ་འབར་ཁྱེར་ནས་ཁྱིམ་ནང་གི་ཁང་པ་རེ་རེ་བཞིན་བསྐོར་ཏེ་སྐད་ཆེན་པོས"མར་དོན་ཤོག  མར་དོན་ཤོག"ཟེར་བཞིན་པར་འཕུར་བ་ལྟར་སྒོ་ཕྱིར་ཐོན་ནས་དཔལ་འབར་དེ་ལམ་འགྲམ་གྱི་ས་སྟོང་དུ་དབྱུགས་ནས་ལོ་རྗེས་མར་དུས་བདེ་ཡོང་བའི་སྨོན་ལམ་འདེབས་པ་རེད། སྐབས་འདིར་ཕྲུ་གུ་ཚོ་མི་རྒན་དག་གི་ཁྲིད་དེ་སྒོ་འགྲམ་དུ་ཤོག་སྦག་སྤར་ནས་མཆོང་རྒྱུགས་བྱེད་བཞིན་རྩེད་མོར་རོལ་བཞིན་ཡོད་པ་རེད།
         རིམ་བཞིན་ས་རུབ་པའི་མཚམས་སུ་སྐལ་བཟང་ཚང་དུ་དགོད་སྒྲ་ལྷང་ལྷང་དུ་གྲགས་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།