འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་ཞིང་པའི་སྨན་རྒྱུ་རང་འདེབས་ཀྱི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཁར་ཀན་སུའུ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《ཀན་སུའུ་ཡི་སྨན་རྫས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་སྐོར་གྱི་བརྡ་ཐོ་》བཀྲམ་ཞིང་། 《བརྡ་ཐོའི་》ནང་། ཀན་སུའུ་ཞིང་ཆེན་གྱིས་ཐོན་ལས་འདེགས་སྐྱོར་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཀྲུང་ལུགས་སྨན་རྫས་ཐོན་ལས་(ཀན་སུའུ་སྨན་རྫས་)འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་འཁོད་ཡོད། དེའི་ནང་། ཞིང་པའི་སྨན་རྒྱུ་རང་འདེབས་ཀྱི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་པ་བཏོན་ཡོད།
         《བརྡ་ཐོའི་》ནང་། ཀྲུང་ལུགས་སྨན་རྒྱུའི་སོན་དང་ལྗང་པ་གཅིག་སྡུད་གསོ་སྤེལ་རྟེན་གཞི་དང་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་མགྱོགས་མྱུར་བསྐྲུན་ནས་སོན་བཟང་ཐོན་སྐྱེད་རྟེན་གཞི་མུའུ་རེར་ཁ་གསབ་སྒོར་2000དང་། ལྗང་པ་གསོ་སྤེལ་རྟེན་གཞིར་མུའུ་རེར་ཁ་གསབ་སྒོར་1600 ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིར་མུའུ་རེར་ཁ་གསབ་སྒོར་400བཅས་སྤྲོད་རྒྱུ་དང་། ཁེ་ལས་དང་སྨན་རྒྱུ་འདེབས་མཁན་ཞིང་པའི་དབར་མཉམ་ལས་སྦྲེལ་མཐུད་ཀྱི་ལམ་སྲོལ་བཙུགས་ནས་སྤུས་ཚད་འགན་ལེན་གྱི་སྔོན་འགྲོའི་འོག་ཀྲུང་ལུགས་སྨན་རྫས་ཀྱི་བཏུང་བྱ་དང་སྨན་ལེབ་ཐོན་སྐྱེད་ཁེ་ལས་ཀྱིས་ས་གནས་ཀྱི་ཐོན་ཟོག་སྣེ་ཁ་ཞིང་དུད་དམ་ཡང་ན་ཁྲོམ་ར་ནས་ཉོ་ཆོག་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།