འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ཐོན་ལས་དབུལ་སྐྱོར་ལ་སྐུལ་མ་མགྱོགས་མྱུར་གཏོང་དགོས་པའི་བསམ་འཆར་
    བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་ཉེ་ཆར་《ཐོན་ལས་དབུལ་སྐྱོར་ལ་སྐུལ་མ་མགྱོགས་མྱུར་གཏོང་དགོས་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཀྲམ་པ་དང་། 2020ལོར་སླེབས་སྐབས་མི་འབོར་དབུལ་པོ་ཞུགས་ཚད་མང་བ་དང་དུད་ཚང་དབུལ་པོར་ཡུན་རིང་འབབ་འཕར་ཡོང་བར་སྣེ་ཁྲིད་ཐུབ་པའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཁག་གཅིག་བཏོད་དེ་དཔེ་གསར་མཉམ་ལས་དཔལ་འབྱོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་རེད། ངལ་རྩོལ་ནུས་ཤུགས་ལྡན་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ཐོན་ལས་འབབ་འཕར་གྱི་རྣམ་གྲངས་གཅིག་ཡན་ཡོད་པ་བྱེད་པ་དང་། གསོ་སྦྱོང་ལ་ཞུགས་འདོད་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་ལས་ཞུགས་ལས་གཏོད་ཀྱི་རྩལ་ནུས་གཅིག་ཡན་ཁོང་དུ་ཆུད་ནས་དུད་ཚང་ཀུན་ལ་འབབ་འཕར་གྱི་རྣམ་གྲངས་ཡོད་པ་དང་མི་ཀུན་ལ་དབུལ་སྒྲོལ་ཐབས་ལམ་ཡོད་པར་བྱས་ཏེ་ཐོན་ལས་དབུལ་སྐྱོར་བྱ་ཡུལ་དུས་བཀག་ནང་དབུལ་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         《བསམ་འཆར་》ནང་ས་ཁུལ་དབུལ་པོའི་ཐོན་ཁུངས་རང་སྤུས་ལ་གཞི་ཚུགས་ནས་ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་དགོས་མཁོ། ལག་རྩལ་གྱི་འདེགས་སྐྱོར། ཁོར་ཡུག་གི་གཤོང་ཚད། དཔེ་གསར་གཉེར་སྐྱོང་བྱེད་པོའི་ཁྲིད་སྟོན་འཇོན་ཐང་། ཐོན་ལས་ཁྱབ་ཁྱོན་སོགས་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་པ་དང་། དུད་ཚང་དབུལ་པོའི་གཉེར་སྐྱོང་འཇོན་ཐང་དང་དབུལ་སྒྲོལ་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ལེགས་ཆ་མངོན་གསལ་དོད་པའི་གཙོ་ཁྲིད་ཐོན་ལས་དང་ཐོན་ཟོག་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཞིང་ལས་འཚམ་སར་ཞིང་ལས་དང་། ནགས་ལས་འཚམ་སར་ནགས་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར། བཟོ་ལས་འཚམ་སར་བཟོ་ལས། ཚོང་ལས་འཚམ་སར་ཚོང་ལས་བཅས་བྱས་ནས་ཁྱད་ལྡན་ཐོན་ལས་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོར་ཕྱོགས་ཡོངས་ནས་ཁྱབ་པ་བྱ་རྒྱུ། ཞིང་པའི་ཐོན་སྐྱེད་གཉེར་སྐྱོང་གི་རང་བདག་དབང་ཆར་བརྩི་འཇོག་གང་ལེགས་བྱས་ནས་དཔེ་མཚོན་ཁྲིད་སྟོན་དང་། དཔེ་སྟོན་སྣེ་ཁྲིད། སྲིད་གཞུང་གི་རྒྱབ་སྐྱོར་སོགས་ཀྱི་བྱ་ཐབས་སྤྱད་དེ་དཔེ་གསར་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་དང་དུད་ཚང་དབུལ་པོ་མཉམ་འགུལ་འཕེལ་རྒྱས་ཀྱི་ཁེ་ཕན་འབྲེལ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དུད་ཚང་དབུལ་པོ་ཞུགས་པ་དང་ཐོན་ལས་སྦྲེལ་མཐུད་ཀྱི་རིན་ཐང་འཕར་མའི་ཕན་པ་མཉམ་སྤྱོད་བྱས་ནས་དབུལ་སྒྲོལ་བརྟན་པོ་དང་ཡུན་རིང་ཕན་པ་ཐོབ་པར་བྱེད་དགོས་པ་བཏོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།