འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་བུད་མེད་དང་བྱིས་པའི་སྨན་ཁང་ཐོག་མའི་ཨར་
    སྐྲུན་གཙོ་བོ་ལེགས་གྲུབ་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་བུད་མེད་དང་བྱིས་པའི་སྨན་ཁང་ཐོག་མའི་ཨར་སྐྲུན་གཙོ་བོ་ཉིན་ཤས་གོང་སྤྱིར་ན་ལས་མཇུག་འགྲིལ་ནས་སྔོན་དཔག་ལྟར་ན། 2019ལོར་ལས་མཇུག་ཡོངས་སུ་འགྲིལ་རྒྱུ་མ་ཟད། ཚོད་ལྟའི་འཁོར་སྐྱོད་ཀྱང་བྱ་རྒྱུ་རེད། དེ་ནི་བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་བུད་མེད་དང་བྱིས་པའི་སྨན་ཁང་ཐོག་མ་ཡིན་པ་རེད།
         བོད་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་བསྐྲུན་པའི་བོད་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གི་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་5.99བཏང་བ་དང་། རྒྱ་ཁྱོན་ལ་མུའུ་60ཟིན་པ། ཉལ་ཁྲི་ཁྱོན་650བཀོད་སྒྲིག་བྱས་པ། ཉིན་རེའི་སྒོ་བསྟེན་སྣེ་ལེན་ཞུ་ཚད་མི་ཐེངས་2000ཟིན་རྒྱུ་ཡིན་པས། མ་བུ་བདེ་སྲུང་སྨན་ཁང་དང་། བྱིས་པའི་སྨན་ཁང་། བུད་མེད་སྨན་ཁང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་སྒྲིག་གཞི་ཞིག་རེད། སྨན་ཁང་དེ་བསྐྲུན་རྗེས་རིམ་པ་གསུམ་པའི་བྱིས་པའི་སྨན་ཁང་དང་རིམ་པ་གསུམ་པའི་མ་བུ་བདེ་སྲུང་སྨན་ཁང་གི་ཚད་གཞིར་སླེབས་རྒྱུ་རེད།
         བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན། བོད་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་སྐྲུན་དོན་ནི་བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པ་མངལ་གནས་ཕྲུ་གུ་ནས་རྒན་རྒོན་བར་གྱི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་སྨན་བཅོས་དང་། བདེ་སྲུང་། སྔོན་འགོག བདེ་ཐང་སླར་གསོ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་རེད།
         བོད་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་ནི་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་དོ་དམ་བྱེད་པའི་ཁེ་གཉེར་རང་བཞིན་མིན་པའི་བྱ་གཞག་ཚན་པའི་ཁོངས་སུ་གཏོགས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་གཙོ་གནད་དམངས་འཚོའི་ལས་གྲྭའི་གྲས་ཤིག་ཡིན་ཞིང་། 2016ལོའི་ཟླ་བཅུ་པ་ནས་སྐྲུན་འགོ་ཚུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།