འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཤའི་ཐོན་ཟོག་ཁྲོམ་རར་འདོན་ཚད་མང་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ་བོད་ཀྱི་ཤའི་ཐོན་ཟོག་དང་ཞིང་ཞོར་འཁྱགས་ཟོག་བྲིན་ཁ་རྒྱུག་པའི་དུས་སུ་སླེབས་ནས་ཁྲོམ་རར་འདོན་ཚད་མང་དུ་ཕྱིན་ཞིང་། མིག་སྔར་ཚོང་ཟོག་ཡོང་ཁུངས་འབེལ་པོ་ཡོད་པ་མ་ཟད། ད་དུང་བོད་རིགས་མང་ཚོགས་ཀྱི་འཛད་སྤྱོད་གོམས་གཤིས་ལ་དམིགས་ནས་གཟིགས་སྐྱོང་བྱེད་སྒོ་ཡང་སྤེལ་ཡོད་པ་རེད།
         2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་ཉིན་གཅིག་གི་ཁྱད་པར་ལས་མེད་པས་མིག་སྔའི་བོད་ཀྱི་ཁྲོམ་རར་ཤའི་ཐོན་ཟོག་དང་ཞིང་ཞོར་འཁྱགས་ཟོག་གི་དགོས་མཁོ་ཆེ་རུ་ཕྱིན་ཡོད་པ་རེད། གསར་འགོད་པར་བོད་ཀྱི་ཟས་རིགས་འཁྱགས་ཟོག་སྡེབ་ཚོང་ཁྲོམ་ར་ཆེ་ཤོས་ཏེ་ལྷ་ས་གྲོང་ཁྱེར་ཤིས་ཧའེ་ཞིང་ཞོར་འཁྱགས་ཟོག་སྡེབ་ཚོང་ཁྲོམ་ར་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གནམ་ལོ་གསར་ཚེས་ནས་བཟུང་། བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཚོང་ཟོག་དབོར་འདྲེན་རླངས་འཁོར་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་སྡེབ་ཚོང་ཁྲོམ་རར་ཉིན་རེར་ཆ་སྙོམས་ཚོང་ཟོག་འདོན་ཚད་ཏུན་200ཙམ་ཟིན་ཡོད། མཁོ་སྤྲོད་འགན་ལེན་བྱ་ཆེད། སྡེབ་ཚོང་ཁྲོམ་རས་ཚགས་ཤ་དང་ལུག་ཤ་ཏུན་1000དང་། ཕག་ཤ་ཏུན་1000 དེ་མིན་གྱི་ཞོར་ཐོན་ཐོན་ཟོག་རིགས་ཁག་ཏུན་3000ཉར་ཚགས་བྱས་ཡོད་པས་མི་སེར་ཚོའི་དུས་ཆེན་རིང་གི་འཛད་སྤྱོད་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་རེད།
         གཞན་ཡང་། བོད་ཀྱི་མི་སེར་ཚོས་མཚོ་ཟས་དང་ཤའི་ཐོན་ཟོག་རྩེར་སོན་གྱི་དགོས་མཁོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག སྡེབ་ཚོང་ཁྲོམ་རས་དུས་ཐོག་ཏུ་དེའི་རིགས་ཀྱི་ཚོང་ཟོག་ཡོང་ཁུངས་ཁ་གསབ་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཁྲོམ་རའི་ཐོག་མཚོ་ཟས་སྣ་ཁ་30ཟིན་པའི་ནང་ཤ་སྨི་དང་ཉ་སན་ཝུན་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།