འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གནོད་འཚེའི་གནས་ཚུལ་སྙན་ཞུའི་ལམ་སྲོལ་ཚད་ལྡན་དུ་བཏང་བ། 

    ཚན་པ་དང་མི་སྒེར་གྱི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བོད་ས་མཐོར་གནས་སྟབས། དུས་ཡུན་རིང་པོའི་ནང་རང་བྱུང་ཁོར་ཡུག་ཞན་པ་དང་རང་བྱུང་གི་གནོད་འཚེ་ཡང་སེ་ཐོན་གྱི་ཡོད། རང་བྱུང་གནོད་འཚེའི་རོགས་སྐྱོབ་ལས་དོན་ཚད་ལྡན་དུ་བཏང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་《མཚོ་སྔོན་ཞིང་ཆེན་གྱི་<རང་བྱུང་གནོད་འཚེའི་རོགས་སྐྱོབ་སྲོལ་ཡིག་>ལག་བསྟར་བྱ་ཐབས་》བཏོན་ནས་གནོད་འཚེའི་གནས་ཚུལ་སྙན་ཞུ་དང་། འཕྲལ་སྡོམ་རོགས་སྐྱོབ། གེགས་རྗེས་རོགས་སྐྱོབ་སོགས་ཀྱི་ ལྷུ་ཚིགས་ལ་གཏན་འབེབས་ཁ་གསལ་བཟོས་པ་རེད།
         གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། བྱ་ཐབས་དེའི་ནང་སྤྱིའི་རྩ་དོན་དང་། རོགས་སྐྱོབ་གྲ་སྒྲིག གནོད་འཚེའི་གནས་ཚུལ་སྙན་ཞུ། འཕྲལ་སྡོམ་རོགས་སྐྱོབ། གེགས་རྗེས་རོགས་སྐྱོབ། རོགས་སྐྱོབ་རྒྱུ་དངོས་དོ་དམ། ཚན་པ་དང་མི་སྒེར་གྱི་འགན་འཁྲི་དང་འོས་འགན། ཞར་བྱུང་དོན་ཚན་བཅས་ལེ་ཚན་8ཡོད་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《རང་བྱུང་གནོད་འཚེའི་རོགས་སྐྱོབ་སྲོལ་ཡིག་》གི་གཞི་རྩའི་རྩ་དོན་གཞིར་བཟུང་དང་ཞིང་ཆེན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཚགས་སུ་བཏང་བ་དང་ཁ་གསབ་བྱས་ཡོད་པ་རེད།
         “མཚོ་སྔོན་ཞིང་ཆེན་གྱི་མིག་སྔའི་གནོད་འཚེའི་གནས་ཚུལ་སྙན་ཞུའི་ལམ་སྲོལ་འཁོར་རྒྱུག་བྱེད་མི་བདེ་བ་དང་། གནོད་འཚེའི་གནས་ཚུལ་དུས་ཐོག་ཏུ་གོང་ཞུ་མ་བྱས་པ་དང་ཡང་མི་དག་པ། སྙན་ཞུའི་ནང་དོན་ཚད་དང་མི་མཐུན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་བྱ་ཐབས་དེས་གནོད་འཚེའི་གནས་ཚུལ་སྙན་ཞུའི་ལམ་སྲོལ་ཚད་ལྡན་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྙན་ཞུའི་ནང་དོན་དང་སྙན་ཞུའི་དུས་ཚད་ནན་བཤད་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གེགས་སྐྱོབ་ཁྲུའི་ལས་དོན་མི་སྣ་ཧོ་ཧྲའོ་པིན་གྱིས་བཤད།
         བྱ་ཐབས་དེའི་ནང་གནོད་འཚེ་ཕོག་པའི་ས་ཁུལ་གྱི་རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་གནོད་འཚེ་ཐོན་རྗེས་ཀྱི་ཆུ་ཚོད་2ཀྱི་ནང་ཚུན་དུ་རིམ་པ་དེ་གའི་སྲིད་གཞུང་དང་རིམ་པ་གོང་མའི་དམངས་སྲིད་སྡེ་ཚན་ལ་གནོད་འཚེ་ཐོན་པའི་དུས་ཚོད་དང་། ས་གནས། རྒྱབ་ལྗོངས། གྱོང་གུན་དང་གེགས་སྐྱོབ་གནས་ཚུལ་བཅས་སྙན་ཞུ་འབུལ་དགོས། རིམ་པ་གོང་མའི་དམངས་སྲིད་སྡེ་ཚན་གྱིས་སྙན་ཞུ་འབྱོར་རྗེས་ཀྱི་ཆུ་ཚོད་2ཀྱི་ནང་ཚུན་དུ་གྲངས་གཞི་ཞིབ་དཔྱད་དང་ཕྱོགས་བསྡུས་བྱས་ཏེ་རིམ་པ་བཞིན་གོང་ཞུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         བྱ་ཐབས་དེའི་ནང་ཚན་པ་དང་མི་སྒེར་གྱིས་རང་བྱུང་གནོད་འཚེར་ཁ་གཏད་གཅོག་པ་དང་རང་བྱུང་གནོད་འཚེའི་རོགས་སྐྱོབ་ལས་དོན་སྒྲིག་འཛུགས་བྱེད་སྐབས་ཀྱི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ཤིང་། དེས་གནོད་འཚེ་ཐོན་རྗེས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་གེགས་སྐྱོབ་ལ་ཞུགས་རྒྱུར་སྐུལ་སློང་། རང་བྱུང་གནོད་འཚེར་ཁ་གཏད་གཅོག་པ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པ་རེད།
         བྱ་ཐབས་དེ་2018ལོའི་ཟླ་1ཚེས་27ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།