འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ལོར་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་1600ལྷག་ཙམ་ཟིན་
    ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་ལྷ་སས་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1606ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་227.4བཏོད་པས། དེ་གཉིས་ཀས་སྤྱིར་ན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
         ལྷ་སའི་ལོ་རེའི་ཆ་སྙོམས་ཉི་འོད་འཕྲོ་ཚད་ཆུ་ཚོད་3000ཡན་ཟིན་པ་དང་རིམ་ཁག་རིག་དངོས་སྲུང་སྐྱོང་ཚན་པ་བརྒྱ་གྲངས་ཡོད་པས། འཛམ་བུ་གླིང་ལ་གྲགས་པའི་རིག་གནས་གནའ་གྲོང་དང་ཡུལ་སྐོར་གྲོང་ཁྱེར་ཞིག་རེད། 2017ལོར། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་སྣེ་ལེན་ཞུ་བའི་འཇོན་ཐང་ཆེ་རུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། Aརིམ་པའི་མཛེས་ལྗོངས་ཁུལ་2དང་སྐར་མ་རིམ་པའི་མགྲོན་ཁང་2གསར་སྣོན་བྱས་པ་དང་། གྲོང་ཁུལ་དང་མཛེས་ལྗོངས་ཁུལ་དུ་འདྲུད་འཐེན་རྣམ་པའི་གནས་སྤོས་གསང་སྤྱོད་30བཞག་པ། གྲོང་ཁྱེར་ཡོངས་ཀྱི་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཕྱོགས་ཡོངས་ནས་རིམ་པ་སྤར་བ། ལྟ་སྐོར་དང་རོགས་སྐྱོབ་ལ་སྤྱོད་པའི་གངས་རྒོད་ཀུན་སྤྱོད་མཁའ་འགྲུལ་གཉེར་སྐྱོང་བྱེད་འགོ་ཚུགས་པ་བཅས་རེད། ད་ཆ། ཡུལ་སྐོར་བས་གངས་ལྗོངས་ས་མཐོར་དེ་བས་གནས་བཟོད་བདེ་བ་དང་སྟབས་བདེའི་ཡུལ་སྐོར་བྱེད་ཐུབ་ཀྱི་ཡོད།
         2018ལོར། ལྷ་ས་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རིག་གནས་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ས་མཐོའི་ཡུལ་སྐོར་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། གྲོང་ཁྱེར་ཡོངས་ཀྱིས་གྲོང་གསེབ་ཡུལ་སྐོར་དང་དབུལ་སྐྱོར་ཆེད་སྤྱོད་འགྲོ་ལམ་སྤྱི་ལེ་100སྐྲུན་རྩིས་ཡོད་པ་དང་། ཤང་གྲོང་ཚར་མར་སྤྱི་སྤྱོད་རླངས་འཁོར་ཁྱབ་རྒྱུ་མ་ཟད། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། གྲོང་ཁྱེར་དང་གྲོང་རྡལ། ཞིང་འབྲོག་ཁུལ་བཅས་སུ་གསང་སྤྱོད་500གསར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་རེད། དེ་དང་ཆབས་ཅིག ཐང་གའི་རིག་གནས་གླིང་སྐྲུན་འགོ་འཛུགས་རྒྱུ་རེད་ལ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་ཡང་འདི་ལོ་སྒོ་མོ་འབྱེད་རྒྱུ་ཡིན་པ་རེད།
         ད་ལྟ་བོད་དུ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཡིན་པས། ཕོ་བྲང་པོ་ཏ་ལ་དང་གནམ་མཚོ་སོགས་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་སུ་གོང་ཁེའི་སྤ་སེ་འཚོང་བ་དང་སྤ་སེའི་རིན་གོང་ཡུལ་སྐོར་བ་མང་བའི་རིན་གོང་གི་ཕྱེད་ཀ་རེད། ཞག་སྡོད་དང་རླངས་འཁོར་བོགས་གཏོང་རིན་གོང་ཡང་ཚད་གཞི་མི་འདྲ་བའི་སྒོ་ནས་དམའ་རུ་བཏང་བ་དང་བོད་དུ་སྐྱོད་པའི་གནམ་གྲུ་དང་མེ་འཁོར་གྱི་སྤ་སེའང་འདང་ངེས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།