འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།"མཛུབ་བྲོའི"རྒྱུན་འཛིན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།'མཛུབ་བྲོའི'རྒྱུན་འཛིན།
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་དཔལ་ཡུལ་རྫོང་གིས་2015ལོའི་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་བྱེད་རིང་། "མཛུབ་བྲོ"ཞིག་ཡོད་པ་ཤེས་པ་དེས་ཁམས་པའི་བྲོའི་རིག་གནས་ཀྱི་འབྱུང་ཁུངས་དང་རྒྱུན་འཛིན་སྲུང་སྐྱོང་ལ་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།
         "མཛུབ་བྲོའི"རྒྱུན་འཛིན་ཡག་པོ་ཡོང་ཆེད། དཔལ་ཡུལ་རྫོང་གིས“སྤྱི་པའི་རིག་གནས་ཀྱི་རིན་མེད་སློབ་ཚན”འཚོགས་པ་དང་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་སྤེལ་བ་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་བ་མ་ཟད། "མཛུབ་བྲོའི"རོལ་དབྱངས་ཤིག་ཀྱང་ཆེད་མངགས་རྩོམ་འབྲི་དང་ནང་སྦྱོང་བྱས་ཏེ་རྒན་པས་ཆུང་བ་ཁྲིད་པ་སོགས་ལ་བརྟེན་ནས་མང་ཚོགས་མང་པོར“མཛུབ་བྲོ”ཤེས་རྟོགས་དང་རྒྱུན་འཛིན་ཐུབ་པར་བྱས་ཤིང་། གོང་གི་པར་རིས་ནི"མཛུབ་བྲོའི"རྒྱུན་འཛིན་པའི་གྲས་དཔལ་ཡུལ་རྫོང་སྒ་རྗེ་ཤང་སྤང་འགོ་གྲོང་ཚོའི་ཨ་ཞེས(གཡོན་གྱི་དང་པོ)དཔལ་ཡུལ་རྫོང་སྒྱུ་རྩལ་ཚོགས་པའི་བོད་རིགས་འཁྲབ་སྟོན་པར་མཛུབ་བྲོ་སློབ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།