འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་རིག་དངོས་ཅུས་ཀྱི་ཅུས་ཀྲང་གི་ཚོགས་འདུ་འཚོགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་2018ལོའི་རྒྱལ་ཡོངས་ཀྱི་རིག་དངོས་ཅུས་ཀྲང་གི་ཚོགས་འདུ་ཀྲེ་ཅང་ཧང་ཀྲོའུ་རུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་རིག་དངོས་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱ་བཏོན་པ་རེད། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས་དམངས་ཁྲོད་དུ་ཉར་ཚགས་བྱས་པའི་རིག་དངོས་ལ་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་དུས་རབས་གསར་པའི་ཉར་ཚགས་ཀྱི་རིག་གནས་སྐྱེད་སྲིང་ནུས་ལྡན་བྱས་ནས་རིག་དངོས་འཁོར་རྒྱུག་ཁྱབ་ཁོངས་ཀྱི“ཐོ་འགོད་དང་ཉོ་ཚོང”གི་ལམ་ལུགས་ཚོད་ལྟའི་སྒོ་ནས་འཚོལ་ཞིབ་བྱེད་པ་དང་། “མཛོད་གཅིག་དང་། ཉེན་བརྡ་གཏོང་བ་གཅིག དཀར་ཆག་གཅིག”གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། “ཀྲུང་གོའི་རྐུ་ཤོར་བའི་རིག་དངོས་ཀྱི་གྲངས་གཞིའི་མཛོད”ཀྱི་ཁྲོམ་རའི་བརྡ་ཁྱབ་དང་རིག་དངོས་གྱོད་གཞིའི་ཁྲོམ་རའི་ཉེན་བརྡ་གཏོང་བའི་ལམ་སྲོལ་འཛུགས་པ། རིག་དངོས་ཉོ་ཚོང་གཏན་འགོག་གི་མཛུབ་ཁྲིད་རང་བཞིན་གྱི་དཀར་ཆག་འདོན་པ་དང་། རིག་དངོས་གཉེར་སྐྱོང་གི་བྱེད་པོའི་འཇུག་འཐུས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། རིམ་པ་མང་བའི་རིག་དངོས་གསལ་འབྱེད་ཀྱི་མཁོ་སྤྲོད་རྣམ་པ་མགྱོགས་མྱུར་ཆགས་པ། ཁྲིམས་འཛིན་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་ཁ་དན་ཚིག་གནས་དང་སྤྱོད་གཙང་གཞུང་དྲང་གི་རིག་དངོས་ཁྲོམ་རའི་ཁོར་ཡུག་གཏོད་རྒྱུ་ཡིན་པ་རེད།
         ཚོགས་ཞུགས་འཐུས་མིས་《དམངས་ཁྲོད་དུ་ཉར་ཚགས་བྱས་པའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་རིག་དངོས་ཁྲོམ་ར་ཚད་ལྡན་བཟོ་བ་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》(བསམ་འཆར་བསྡུ་ལེན་མ་ཟིན་)སོགས་ཀྱི་ཡིག་ཆར་གྲོས་བསྡུར་བྱས་པ་རེད། ལིའུ་ཡུས་ཀྲུའུ་ཡིས་མིག་སྔར་དམངས་ཁྲོད་དུ་ཉར་ཚགས་བྱས་པའི་རིག་དངོས་ཁྱབ་ཁོངས་ཀྱི་ལམ་ལུགས་ལ་འཚོལ་ཞིབ་ཀྱིས་ཇུས་འགོད་བྱེད་བཞིན་ཡོད་པ་དང་། ཁྲིམས་འགལ་ངང་རིག་དངོས་ཉོ་ཚོང་དང་། ཐ་ན་རིག་དངོས་ཉེས་གསོག་ལ་སྲིད་ཇུས་ཀྱི་བར་མཐོངས་འཇོག་མི་རུང་ལ། དམངས་ཁྲོད་དུ་ཉར་ཚགས་བྱས་པའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་དངོས་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྲིད་ཇུས་ཀྱི་འགན་སྲུང་ལེགས་པོ་བྱ་དགོས་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།