འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་དཔེ་དེབ་སིལ་ཚོང་གི་དངུལ་འབོར་སྒོར་དུང་ཕྱུར་800ལས་བརྒལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་པེ་ཅིང་གི་དཔེ་དེབ་མངགས་ཉོའི་ཚོགས་འདུ་ཉིན་ཤས་གོང་འགོ་ཚུགས་པ་རེད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2017ལོའི་རྒྱལ་ཡོངས་ཀྱི་དཔེ་དེབ་སིལ་ཚོང་ཁྲོམ་རའི་གཞི་ཁྱོན་མུ་མཐུད་ཆེ་རུ་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དུས་མཚུངས་ལས་14.55%འཕར་ཡོད།
         གྲངས་གཞི་ལས་མངོན་དོན། 2017ལོར་རྒྱལ་ཡོངས་དཔེ་དེབ་སིལ་ཚོང་ཁྲོམ་རར་བྲིན་ཚོང་བྱས་པའི་དཔེ་དེབ་རིགས་ཁྲི་189.36ཡོད་པ་དེ་2016ལོ་ལས་8.19%འཕར་ཡོད། དཔེ་དེབ་གསར་པའི་གྲངས་འབོར་ཁྲི་20.40ཟིན་པ་དང་། 2012ལོ་ནས་2016ལོའི་བར་དཔེ་དེབ་རིགས་ཁྲི་20ནས་ཁྲི་21བར་ཟིན་པ་དང་། ལོ་6བསྟུད་མར་རྒྱུན་འཁྱོངས་བརྟན་པོ་བྱུང་ཡོད།
         དྲ་ཐོག་དཔེ་ཁང་མགྱོགས་མྱུར་མང་དུ་ཕྱིན་པ་དང་དཔེ་དེབ་རིགས་མང་དུ་ཕྱིན་པས། དཔེ་དེབ་སིལ་ཚོང་ཁྲོམ་རའི་དཔེ་དེབ་བྲིན་ཚོང་བྱེད་ཚད་རིམ་གྱིས་མཐོ་རུ་ཕྱིན་ཡོད། 2014ལོར་དཔེ་དེབ་ཁྲོམ་རར་བྲིན་ཚོང་བྱེད་ཚད་མདུན་གྲལ་གྱི་1%ནང་ཚུན་དུ་སླེབས་པའི་དཔེ་དེབ་ཀྱིས་ཁྲོམ་ར་ཡོངས་ལ་43.73%གྱི་རྩིས་འབབ་ལེགས་སྐྱེས་ཕུལ་བ་དང་། དེ་རྗེས་ཀྱི་2015ལོ་དང་2016ལོར་བྲིན་ཁ་རྒྱུག་པའི་དཔེ་དེབ་ཀྱིས་ལེགས་སྐྱེས་འབུལ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། 2017ལོར་51.70%བར་འཕར་བ་དང་ཁྲོམ་རའི་རྩིས་འབབ་ལས་ཕྱེད་ཀ་ཙམ་བརྒལ་བ་ནི་བྲིན་ཁ་རྒྱུག་པའི་1%ཡི་དཔེ་དེབ་ལས་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།