འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི"འབྱུང་འགྱུར་གྱི་སྐར་ཆེན"ཞེས་པའི་དགུན་
    དུས་ཉི་གཞོན་ལུས་རྩལ་འགྲན་ཚོགས་ཟླ་བ་གཉིས་པར་འཚོག་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི“འབྱུང་འགྱུར་གྱི་སྐར་ཆེན”ཞེས་པའི་དགུན་དུས་ཉི་གཞོན་ལུས་རྩལ་འགྲན་ཚོགས་ཟླ་2ཚེས་5ནས་ཚེས་10ཉིན་བར་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཉི་གཞོན་ལུས་རྩལ་འགྲན་ཚོགས་ཀྱིས་འཚོལ་ཞིབ་དང་གསར་གཏོད་རབ་དང་རིམ་པ་བྱས་པས་བྱེད་སྒོའི་གཞི་ཁྱོན་དང་། རྣམ་གྲངས་བཀོད་སྒྲིག མི་ཞུགས་ཚད། བྱེད་སྒོའི་ཁྱབ་ཚད་སོགས་སྐབས་གོང་མ་ལས་བརྒལ་ཡོད་པ་རེད།
         2015ལོ་ནས་བཟུང་དགུན་དུས་ཉི་གཞོན་ལུས་རྩལ་འགྲན་ཚོགས་སྐབས་གསུམ་གཉེར་བ་དང་། སྐབས་དང་པོར་གཞོན་ནུ་ལོ་ཆུང་1175ཞུགས་ཡོད་པ་དང་། 2017ལོའི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རར་མི་ཁྲི་10ལྷག་ཙམ་ཞུགས་ཡོད། ཁྱབ་རྒྱ་རིམ་བཞིན་ཆེ་རུ་སོང་བ་དང་ཆབས་ཅིག་ཤུགས་རྐྱེན་ཐེབས་ཤུགས་ཀྱང་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།
         སྐབས་གསུམ་པའི་དགུན་དུས་ཉི་གཞོན་ལུས་རྩལ་འགྲན་ཚོགས་ཀྱིས“གངས་འཁྱགས་ལུས་རྩལ་ཁྱབ་གདལ་བཏང་ནས་དགུན་དུས་ཨོ་རྩལ་གྱི་གྲགས་ཅན་ལུས་རྩལ་པ་གསོ་སྐྱོང་བྱེད”ཅེས་བརྗོད་དོན་གཙོ་བར་བྱས་ཏེ་རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)8དུ་ཉི་གཞོན་ལུས་རྩལ་འགྲན་ཚོགས་ཀྱི་ཡན་ལག་ཚོགས་ར་འཛུགས་རྒྱུ་ཡིན་པ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཨོ་ལིམ་ཕིག་གི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ལུས་རྩལ་ལུས་སྦྱོང་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་གཞོན་ནུ་ལོ་ཆུང་གི་ཉམས་འགྱུར་མངོན་པ་དང་དེའི་ཁྲོད་ནས་གངས་འཁྱགས་ལུས་རྩལ་གྱི་རྗེས་གྲབས་མི་སྣ་ཤེས་རྟོགས་དང་གསོ་སྐྱོང་བྱ་ཆེད་རེད། བྱེད་སྒོར་གཞོན་ནུ་ལོ་ཆུང་གི་ལུས་རྩལ་འགྲན་བསྡུར་དང་། ཉི་གཞོན་ལུས་རྩལ་བྱེད་སྒོའི་ངོམ་སྟོན། གཞོན་ནུ་ལོ་ཆུང་གི་ཚན་རིག་དང་མཐུན་པའི་ལུས་སྦྱོང་ཁྱབ་གདལ། དགུན་དུས་ཨོ་ལིམ་ཕིག་རིག་གནས་སྤེལ་རེས་སོགས་ཚུད་ཡོད། སྐབས་འདིའི་དགུན་དུས་ཉི་གཞོན་ལུས་རྩལ་འགྲན་ཚོགས་ནང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ལུས་རྩལ་སྡེ་ཚན་དང་གཞོན་ནུ་ལོ་ཆུང་ལུས་རྩལ་གྱི་སྤྱི་ཚོགས་རྩ་འཛུགས་ཐེངས་དང་པོ་ཞུགས་ཆོག་ལ་རྣམ་གྲངས་བཀོད་སྒྲིག་ཐད་རྩལ་འགྲན་རིགས་དང་ཚོགས་སྤྱིའི་རིགས་ཀྱི་རྣམ་གྲངས་ཟུང་དུ་འབྲེལ་ནས་མྱུར་ཚད་འཁྱགས་ཤུར་དང་། ལམ་ཐུང་འཁྱགས་ཤུར། རི་མཐོའི་གངས་ཤུད། བྱེས་བགྲོད་གངས་ཤུད་སོགས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དང་དེ་བཞིན་དགུན་དུས་ལུས་རྩལ་རྣམ་གྲངས་ལས་བརྒལ་བའི་འཕར་མཆོང་སོགས་ཀྱི་རྣམ་གྲངས་གསར་དུ་བསྣན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།