འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལོ་སིའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་མཉམ་འབྲེལ་ཚོད་ལྟ་ཁང་ཝན་ཐེན་དུ་
    བཙུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཀྲུང་གོ་དང་ལོ་སིའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གསར་སྤེལ་དང་བེད་སྤྱོད་མཉམ་འབྲེལ་ཚོད་ལྟ་ཁང་བཙུགས་ནས་སྒོ་བྱང་འགེལ་བའི་མཛད་སྒོ་ཉིན་ཤས་གོང་ལོ་སིའི་རྒྱལ་ས་ཝན་ཐེན་དུ་འཚོགས་པ་རེད།
         ཀྲུང་གོ་དང་ལོ་སིའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གསར་སྤེལ་དང་བེད་སྤྱོད་མཉམ་འབྲེལ་ཚོད་ལྟ་ཁང་དེ་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ཀྱི་ཚན་རྩལ་པུས་རྒྱབ་སྐྱོར་བྱས་པ་དང་། ཡུན་ནན་དགེ་འོས་སློབ་ཆེན་དང་ལོ་སི་ཚན་རྩལ་པུའི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་དང་རྒྱུ་ཆ་གསར་པའི་ཞིབ་འཇུག་སུའོ་ཡིས་མཉམ་དུ་སྐྲུན་པ་ཞིག་རེད། རྣམ་གྲངས་དེ་ཀྲུང་གོ་ཚན་རྩལ་པུའི་རོགས་སྐྱོར་རྣམ་གྲངས་ཀྱི་ཁོངས་སུ་གཏོགས་པ་དེའི་དམིགས་ཡུལ་ནི་ལོ་སི་ཕྱོགས་ལ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཚོད་ལྟའི་དཔེ་སྟོན་སྒྲིག་ཆས་མཁོ་འདོན་བྱེད་པ་དང་ཆབས་ཅིག་ལོ་སི་ཕྱོགས་ལ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱ་ཆེད་ཡིན་པ་རེད།
         ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཝུན་ཐེན་དང་། ལོ་སིའི་མི་དམངས་གསར་བརྗེ་ཏང་གི་ཀྲུང་དབྱང་ཨུ་ཡོན་ཚན་རྩལ་པུའི་པུའུ་ཀྲང་པོ་ཝན་ཁན·ཧྥུང་ཏ་ལ། ཡུན་ནན་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་ཅང་ཡུང་ཝུན་སོགས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་ཡོད་པ་རེད།
         ཝང་ཝུན་ཐེན་དང་པོ་ཝན་ཁན·ཧྥུང་ཏ་ལས་མཉམ་དུ་མཉམ་འབྲེལ་ཚོད་ལྟ་ཁང་གི་དར་ཚོན་འབྲེག་པ་དང་ཆབས་ཅིག་ཚོད་ལྟ་ཁང་གི་སྒྲིག་ཆས་ཁག་ལ་ལྟ་སྐོར་ཡང་བྱས་པ་རེད། ཕྱོགས་གཉིས་པོས་ད་དུང་ཀྲུང་གོ་དང་ལོ་སིའི་ཚན་རྩལ་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་གནད་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།