འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅༎།ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་2017ལོའི་ཟླ་12པའི"ཀྲུང་
    གོའི་མི་བཟང་མིང་ཐོ"ཡོངས་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་12ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲབ་འི་འཕྲིན། ཟླ་1ཚེས་10ཉིན་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཀོང་ཏུང་ཧུའེ་ཀྲོའུ་རུ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་མི་བཟང་གི་ས་གནས་ས་ཐོག་གི་སྤེལ་རེས་བྱེད་སྒོ་སྤེལ་ཏེ་2017ལོའི་ཟླ་12པའི“ཀྲུང་གོའི་མི་བཟང་མིང་ཐོ”ཁྱབ་བསྒྲགས་བྱས་པ་རེད།
          2017ལོའི་ཟླ་12པར། དྲ་ཐོག་གི“ངས་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དང་དཔྱད་མོལ་བྱེད”ཅེས་པའི་བྱེད་སྒོར་དྲ་དམངས་ཀྱིས་འོས་སྦྱོར་བྱས་པའི་མི་བཟང་ལས་བཟང་གི་ཁུངས་སྣེ་ཁྲི་281ལྷག་ཙམ་བསྡུ་ལེན་བྱས་ཡོད། ས་གནས་ཁག་གི་ཤེས་དཔལ་སྲོལ་གཏོད་གཞུང་ལས་ཁང་གིས་ཞིབ་བཤེར་གཏན་འབེབས་དང་འོས་སྦྱོར་བརྒྱུད་ཀྲུང་གོ་ཤེས་དཔལ་དྲ་བས་ཉེ་འགྲམ་གྱི་མི་བཟང་293གྱི་སྔོན་ཐོན་བྱས་རྗེས་གཅིག་སྡུད་ཐོག་བཏོན་ཡོད། དེའི་ཁྲོད་ལོ་18རིང་སེམས་རྩ་འཁོལ་པོས་བྱིས་པ་དབུལ་པོར་ཞལ་འདེབས་རྒྱག་མཁན“རྨོ་བོ་སྲན་མྱུག”ཅེས་འབོད་པའི་ལིའུ་ཡུན་དབྱིན་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་ཐོག་ཁ་ནས་ལྷུངས་བའི་བུ་མོ་ཞིག་སྐྱོབ་ཆེད་རང་སྲོག་ཤོར་བའི་བདེ་འཇགས་དཔའ་བོ་ལི་གོ་ཝུའུ། དངུལ་རྙེད་རུང་བདག་པོར་སྤྲོད་མཁན་བུད་མེད་ཁ་ལོ་བ་ཀྲང་ཤན་ཀྲི་དང་ཧྥུང་ཡུས། ལོ་13རིང་འོས་འགན་ངང་གྲུ་བཏང་སྟེ་ཕྲུ་གུ་བསུ་སྐྱེལ་བྱེད་མཁན་གྱི་ཏང་ཡོན་བཟང་པོ་ཀུའོ་ལུའོ་ཨེན། མཁལ་མ་རང་གི་ཁྱོ་གར་སྤྲོད་མཁན་བཟའ་ཟླ་བཟང་པོ་ཝང་དབྱིན་ཞ་སོགས་མི་106རྒྱ་ཆེའི་དྲ་གྲོགས་ཚོས“ཀྲུང་གོའི་མི་བཟང”ལ་འོས་སྦྱོར་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་བའི་བསམ་པའི་ཉམས་འགྱུར་གསར་པ་མངོན་པས་སྤྱི་ཚོགས་ཐོག་དགེ་མཚན་ལྡན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།